ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་རང་དབང་དམངས་གཙོ་ཏང་གི་གཙོ་འཛིན་གྱི་འགན་མུ་མཐུད་དུ་འཁུར་རྒྱུ་རེད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

F201809211100288856701997.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9ཚེས20ཉིན། འཇར་པན་ཏུང་ཅིན་དུ་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་རང་དབང་དམངས་གཙོ་ཏང་གི་གཙོ་འཛིན་གྱི་འགན་འཁྲི་མུ་མཐུད་དུ་འཁུར་རྒྱུར་བདམས་ཐོན་བྱུང་རྗེས་གཏམ་བཤད་སྤེལ་ཡོད་ཅིང་། ཉིན་དེར་འཇར་པན་གྱི་རང་དབང་དམངས་གཙོ་ཏང་གི་གཙོ་འཛིན་འདེམས་ཤོག་འཕངས་པར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ལ་ཁྱོན་བསྡོམས་འདེམས་ཤོག་807ནང་ནས་ནུས་ལྡན་འདེམས་ཤོག་553ཐོབ་ནས། ཧྲི་ཕའོ་མའོ་ལས་རྣམ་པར་རྒྱལ་ཏེ་རང་དབང་དམངས་གཙོ་ཏང་གི་གཙོ་འཛིན་གྱི་འགན་མུ་མཐུད་དུ་འཁུར་རྒྱུ་བྱུང་བ་རེད། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།