ཀྲུང་གོ་བོད་ཀྱི་དྲ་བ།

བྱང་ཁོ་རེ་ཡས་《ཟླ་དགུ་པའི་ཕོང་དབྱང་གི་ཐུན་མོང་བསྒྲགས་གཏམ་》ལ་མིང་བཀོད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

F201809211054196306701994.jpg

ཞིན་ཧྭ་གསར་འགྱུར་ཁ ང་གི་གློག་འཕྲིན་ལྟར། ཟླ9ཚེས19ཉིན་གྱི་སྔ་དྲོ། ཕོང་དབྱང་དུ་འཚམས་འདྲི་གནང་བཞིན་པའི་ལྷོ་ཁོ་རེ་ཡའི་ཙུང་ཐུང་ཝུན་ཙའེ་དབྱིན་གྱིས་མེ་ཏོག་ལྡུམ་རའི་མགྲོན་བསུ་ཁང་དུ་བྱང་ཁོ་རེ་ཡའི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་རེས་སྐོར་གཉིས་པའི་གྲོས་མོལ་བྱས་པ་རེད། གྲོས་མོལ་མཇུག་འགྲིལ་རྗེས་ཕྱོགས་གཉིས་པོས་《ཟླ་དགུ་པའི་ཕོང་དབྱང་གི་ཐུན་མོང་བསྒྲགས་གཏམ་》ལ་མིང་རྟགས་བཀོད་དེ་སྔ་ཙམ་ཕྱེད་གླིང་དུ་ཉིང་རྡུལ་མེད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་ལྷོ་བྱང་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཐད་ངོས་འཛིན་གཅིག་མཐུན་བྱུང་བ་རེད།

ལྷོ་ཁོ་རེ་ཡ་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་བསྒྲགས་གཏམ་གྱི་ཡིག་ཆ་གཞིར་བཟུང་། བྱང་ཁོ་རེ་ཡ་ཕྱོགས་ཀྱིས་གལ་སྲིད་ཨ་རིས་ཟླ་6ཚེས་12ཉིན་བཞག་པའི་ཁྲའོ་ཨའི་མཉམ་འབྲེལ་གསལ་བསྒྲགས་ཀྱི་དགོངས་དོན་གཞིར་བཟུང་། དེ་ལ་དེ་བསྟུན་གྱི་བྱེད་ཐབས་སྤྱད་ཚེ་བྱང་ཁོ་རེ་ཡས་ཉིང་པེན་ཉིང་རྡུལ་སྒྲིག་ཆས་དུས་གཏན་དུ་དོར་བ་སོགས་དང་འདྲ་བའི་བྱེད་ཐབས་འཕར་མ་སྤྱོད་འདོད་ཡོད་ཅེས་བཤད། བྱང་ཁོ་རེ་ཡ་ཕྱོགས་ཀྱིས་ད་དུང་འབྲེལ་ཡོད་རྒྱལ་ཁབ་ཀྱི་རིགས་གཅིག་མཁས་ཅན་ཞུགས་པའི་གནས་ཚུལ་འོག་ཏུང་ཚང་ལིའི་འཕུར་མདེལ་འཕེན་གཏོང་ལྟེ་གནས་དང་སྒུལ་བྱེད་འཕྲུལ་འཁོར་གྱི་ཚོད་ལྟ་བྱེད་ས་སྔོན་ལ་མེད་པ་བཟོ་རྒྱུའི་གཏན་འཁེལ་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།