ཀྲུང་གོ་བོད་ཀྱི་དྲ་བ།

ཁོང་གོ་ཅིན་ནས་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ་མི་ཉེར་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོང་གོ་ཅིན་གྱི་ས་གནས་དཔོན་རིགས་ཀྱིས་ཚེས་བཅུ་དགུའི་ཉིན་བདེན་དཔང་བྱས་དོན། རྒྱལ་ཁབ་དེའི་ནུབ་བྱང་ས་ཁུལ་དུ་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་ཉེར་བདུན་རྐྱེན་ལམ་དུ་ཤོར། 

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། དོན་རྐྱེན་དེ་ནུབ་བྱང་ཕྱོགས་ཀྱི་མིན་ཅཱ་ལཱ་ཞིང་ཆེན་མངའ་ཁོངས་ཀྱི་མིན་ཅཱ་ལཱ་གཙང་བོའི་སྟེང་བྱུང་བ་དང་། འགྲུལ་བ་དང་དངོས་ཟོང་དྲུད་པའི་གྲུ་གཟིངས་ཤིག་གཙང་བོར་ནུབ་ནས། ཉུང་མཐར་ཡང་མི་ཉེར་བདུན་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོ་གར་སོང་མ་རྙེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།