ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ནས་དངོས་སྐྱེལ་རླངས་འཁོར་ཞིག་དང་འགྲུལ་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

5226ae176fa91aa8f72c2f691731586b.jpg

འདི་ནི་ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་ཨེ་ཅིབ་ཀྱི་མཱ་ཐི་ལུའུ་ཞིང་ཆེན་ནས་དངོས་སྐྱེལ་རླངས་འཁོར་དང་འགྲུལ་སྐྱེལ་རླངས་འཁོར་ཐོ་བརྒྱབ་སའི་ཡུལ་དངོས་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་བྱང་ཕྱོགས་ཀྱི་ཡཱ་ལི་ཧྲན་ཏཱ་ནས་མཱ་ཐི་ལུའུ་བར་གྱི་མྱུར་བགྲོད་གཞུང་ལམ་སྟེང་ཚེས་བཅུ་གཉིས་ཉིན་དངོས་སྐྱེལ་རླངས་འཁོར་ཞིག་དང་འགྲུལ་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་ལྔར་རྨས་ཕོག་ཡོད།

ཨེ་ཅིབ་འཕྲོད་བསྟེན་པུའུ་ཡི་མཱ་ཐི་ལུའུ་ཞིང་ཆེན་དུ་སྡོད་པའི་དཔོན་པོ་ཐཱ་ཧཱ་ཡིས་གསར་འགོད་པར་བཤད་རྒྱུར། འགྲིམ་འགྲུལ་དོན་རྐྱེན་དེ་ལས་རྐྱེན་ལམ་དུ་ཤོར་བའི་འདས་པོའི་བེམ་པོ་དང་རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ཡོད་ལ། དེའི་ནང་རྨས་མ་བཞིའི་རྨས་སྐྱོན་ཅུང་ཚབས་ཆེན་རེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།