ཀྲུང་གོ་བོད་ཀྱི་དྲ་བ།

མོང་གོལ་རྒྱལ་ཁབ་སྔོན་ཆད་ཀྱི་ཙུང་ཐུང་ཨིན་ཧི་པཱ་ཡཱ་ཨར་ཡང་བསྐྱར་མོང་གོལ་མི་དམངས་གསར་བརྗེའི་ཏང་གི་ཀྲུའུ་ཞིར་བདམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མོང་གོལ་མི་དམངས་གསར་བརྗེའི་ཏང་གི་ཀྲུའུ་ཞིའི་ལས་རོགས་པ་པཱ་སིན་ཏུའུ་ལེ་མུའུ་ཡིས་ཚེས་དགུའི་ཉིན་ཞིན་ཧྭ་གསར་འགྱུར་ཁང་ལ་བདེན་དཔང་བྱས་དོན། མོང་གོལ་རྒྱལ་ཁབ་སྔོན་ཆད་ཀྱི་ཙུང་ཐུང་། མོང་གོལ་མི་དམངས་གསར་བརྗེའི་ཏང་གི་ཀྲུའུ་ཞི་ཨིན་ཧི་པཱ་ཡཱ་ཨར་ཡང་བསྐྱར་ཏང་ཁག་དེའི་ཀྲུའུ་ཞིར་བདམས་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན། མོང་གོལ་མི་དམངས་གསར་བརྗེའི་ཏང་གིས་ཚེས་བདུན་ཉིན་ཝུའུ་ལན་པཱ་ཐའོ་ནས་རྒྱུན་ལྡན་མིན་པའི་འཐུས་མིའི་ཚོགས་ཆེན་བསྡུས་ཏེ། ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་བྱེད་པ་དང་། ཏང་ནང་ཁུལ་གྱི་ལས་དོན་ལ་ཞིབ་འཇུག་དང་གྲོས་བསྡུར་བྱེད་པ། ཏང་ཁག་དེའི་ཀྲུའུ་ཞི་འདེམ་བསྐོ་བྱེད་པ་སོགས་ལ་གྲོས་བསྡུར་བྱས། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ཡོང་བའི་ཏང་གི་འཐུས་མི་སྟོང་གཅིག་ལྷག་གྲོས་ཚོགས་ལ་ཞུགས། ཏང་ཁག་དེའི་ཀྲུའུ་ཞི་འདེམ་བསྐོ་བྱེད་སྐབས། ཨིན་ཧི་པཱ་ཡཱ་ཨར་ལ་རྒྱབ་སྐྱོར་ཆེན་པོ་ཐོབ་སྟེ་ཡང་བསྐྱར་ཀྲུའུ་ཞིར་བདམས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།