ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཞི་ཁོ་དབུས་ཕྱོགས་ཀྱི་ཤོག་སྦག་བཟོ་གྲྭ་ཞིག་ལ་འགས་གཏོར་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ཞི་ཁོ་དབུས་ཕྱོགས་ཀྱི་མའོ་ཞི་ཁོ་ཀྲིག་ནང་སྲིད་སྡེ་ཁག་གི་འགན་ཁུར་བ་ཨོ་སུའུ་ནཱ་ཡིས་ཚེས་ལྔ་ཉིན་གསར་འགྱུར་ལས་རིགས་ལ་བསྟན་དོན། ཀྲིག་དེའི་ཤོག་སྦག་བཟོ་གྲྭ་ཞིག་ལ་ཉིན་དེར་འགས་གཏོར་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཟེར།

ཨོ་སུའུ་ནཱ་ཡིས་བསྟན་དོན། ཡུལ་དངོས་སུ་ཡང་བསྐྱར་འགས་གཏོར་འབྱུང་བའི་ཉེན་ཁ་ཡོད་པ་དང་། ཤི་བོའི་ཁ་གྲངས་ཀྱང་མུ་མཐུད་དུ་ཇེ་མང་དུ་འགྲོ་སྲིད་ཟེར།

མའོ་ཞི་ཁོའི་གྲོང་ཁྱེར་མི་ཉུང་བར་ཤོག་སྦག་བཟོ་བའི་སྲོལ་རྒྱུན་ལྡན་པ་དང་། ཤོག་སྦག་བཟོ་བ་དང་ཉར་འཇོག་བྱེད་སའི་ཆ་རྐྱེན་མི་བཟང་བའི་དབང་གིས་ཤོག་སྦག་ལ་འགས་གཏོར་བྱུང་བའི་གནས་ཚུལ་རྒྱུན་དུ་འབྱུང་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།