ཀྲུང་གོ་བོད་ཀྱི་དྲ་བ།

ཁུན་ནེ་ཡཱའི་ནུབ་ཕྱོགས་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁུན་ནེ་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ནཱ་ཁུའུ་ལུའུ་རྫོང་ནས་ཚེས་དགུ་བཅུ་ཉིན་གྱི་དགོང་མོར་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཟེར།

ནཱ་ཁུའུ་ལུའུ་རྫོང་གི་ཉེན་རྟོག་དཔོན་པོ་པཱ་ལུའུ་ཨ་ཡིས་ཉིན་དེར་བཤད་རྒྱུར། དོན་རྐྱེན་དེ་ཚེས་བཅུ་དགུའི་ཉིན་གྱི་དགོང་མོའི་དུས་ཚོད་དགུའི་ཡས་མས་སུ་བྱུང་བ་དང་། འགྲུལ་བ་བཅུ་དྲུག་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་རྫོང་དེའི་གཞུང་ལམ་སྟེང་བགྲོད་སྐབས་སྐྱ་བ་འགས་ཏེ་རླངས་འཁོར་ལོག་པ་དང་། མི་གཉིས་རྐྱེན་ལམ་དུ་ཤོར་བ་ཡོད་ལ། གཞན་ཡང་མི་ལྔ་སྨན་ཁང་དུ་བསྐྱལ་རྗེས་ཚེ་ལས་འདས། གཞན་ད་རུང་མི་མང་བོར་རྨས་ཕོག་ཡོད་ཟེར།

པཱ་ལུའུ་ཨ་ཡིས་བཤད་རྒྱུར། འགྲུལ་བ་དེ་དག་དུར་འཇུག་མཛད་སྒོ་ཞིག་ལ་ཞུགས་རྗེས་རླངས་འཁོར་ལ་བསྡད་དེ་ཕྱིར་རང་ཡུལ་དུ་ལོག་བཞིན་ཡོད་ཟེར། མིག་སྔར་འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།