ཧུའུ་སེ་དྲག་ཆས་པས་སོ་ཏི་ཨ་རབ་ལ་འཕུར་མདའི་འཇབ་རྒོལ་བྱས་ཏེ་མི་སེར་དཀྱུས་མ་གསུམ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཚེས་དགུའི་ཉིན་བཤད་རྒྱུར། ཡེ་མིན་ཧུའུ་སེ་དྲག་ཆས་པས་ཉིན་དེར་སོ་ཏི་ཨ་རབ་ལྷོ་ཕྱོགས་ཀྱི་ཅི་ཙན་ཞིང་ཆེན་དུ་འཕུར་མདའ་གཏོང་འཕེན་བྱས་ཏེ། སོ་ཏི་ཨ་རབ་ཀྱི་མི་སེར་དཀྱུས་མ་གསུམ་རྐྱེན་ལམ་དུ་ཤོར་ཟེར།

རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་མགྲིན་ཚབ་པ་ཐུའུ་ཨར་ཅི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཉིན་དེའི་ཕྱི་དྲོར། ཧུའུ་སེ་དྲག་ཆས་པས་ཅི་ཙན་ཞིང་ཆེན་གྱི་མི་སེར་དཀྱུས་མའི་དམིགས་འབེན་ལ་འཕུར་མདའ་གཏོང་འཕེན་བྱས་ཏེ། སོ་ཏི་ཨ་རབ་ཀྱི་མི་སེར་དཀྱུས་མ་གསུམ་བསད། ཁོས་བསྟན་དོན། མཉམ་འབྲེལ་དམག་དཔུང་གིས་མི་སེར་དཀྱུས་མའི་ཚེ་སྲོག་བདེ་འཇགས་ལ་འཇིགས་ཉེན་བཟོ་བའི་ཧུའུ་སེ་དྲ་ཆས་པར་ཁོན་ལན་སློག་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།