ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་བདེ་འཇགས་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་གསུམ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་དམག་ཕྱོགས་ཀྱིས་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་བདེ་འཇགས་དམག་དཔུང་གིས་ཉིན་དེར་བྱང་ཕྱོགས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་སཱ་མེད་ལཱ་གྲོང་ཁྱེར་ཉེ་འདབས་སུ་གཙང་ཕྱགས་འགུལ་སྐྱོད་སྤེལ་ཏེ། བསྡོམས་པས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་གསུམ་བསད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་རག་གི་དམག་དཔུང་དང་ཉེན་རྟོག་པ། ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་དྲག་ཆས་མི་དམངས་སྐུལ་སློང་རྩ་འཛུགས་བཅས་ཀྱིས་ཉིན་དེར་མཉམ་འབྲེལ་སྒོས་གཙང་ཕྱགས་འགུལ་སྐྱོད་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣའི་སཱ་མེད་ལཱ་ནུབ་ངོས་ཀྱི་ཞིང་སྡེ་ས་ཁུལ་གྱི་སྦས་སྐོང་བྱེད་ས་མང་བོ་གཏོར་བ་དང་། མཚོན་ཆ་མང་བོ་གཞུང་བཞེས་བྱས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་རག་གིས་མུ་མཐུད་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པ་ཚར་གཅོད་བྱེད་རག་བར་དུ་གཙང་ཕྱགས་བྱེད་པའི་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།