ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་སེ་དྲག་ཆས་པས་ཡེ་མིན་སྲིད་གཞུང་བར་བཟུང་དམག་བརྗེ་སྤོར་བྱེད་པར་འཐད་པ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་ཧུའུ་སེ་དྲག་ཆས་པས་ཚེས་བཅོ་བརྒྱད་ཉིན་ཡེ་མིན་སྲིད་གཞུང་བར་བཟུང་དམག་བརྗེ་སྤོར་བྱེད་འདོད་ཡོད་པ་ཁྱབ་སྒྲོག་བྱས།

ཧུའུ་སེ་དྲག་ཆས་པའི་མགོ་ཁྲིད་པ་མུའུ་ཧན་མའོ་ཏི་ཨ་ལི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཧུའུ་སེ་དྲག་ཆས་པས་ཧཱ་ཏིས་སྲིད་གཞུང་བར་བཟུང་དམག་བརྗེ་སྤོར་བྱེད་པར་འཐད་པ་བྱུང་བར་མ་ཟད། རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་སོགས་དབུས་གནས་རྩ་འཛུགས་ལ་བརྡ་བཏང་ཡོད་པ་དང་། ཧུའུ་སེ་དྲག་ཆས་པས་དོན་དེར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།

ཚེས་བཅུ་དྲུག་ཉིན། ཡེ་མིན་གྱི་གསར་འགྱུར་པུའུ་ཀྲང་ཨེ་ལི་ཡཱ་ནེ་དང་ཡེ་མིན་འགྲོ་མིའི་ཐོབ་ཐང་གི་པུའུ་ཀྲང་ཨ་སི་ཁཱ་ཨར་གཉིས་ཀྱིས་ལེ་ཡཱ་ཏི་རུ་ཡོད་པའི་སོ་ཏི་ཨ་རབ་ཏུ་སྡོད་པའི་ཡེ་མིན་གཞུང་ཚབ་ཁང་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་སྤེལ་ཏེ། སྨྱུང་གནས་ཟླ་ཐོན་ལ་ཉེ་བའི་སྐབས་སུ། ཡེ་མིན་སྲིད་གཞུང་གིས་ཧུའུ་སེ་དྲག་ཆས་པའི་བར་བཟུང་དམག་བརྗེ་སྤོར་བྱེད་འདོད་ཡོད་ཟེར། ཁོས་ཚོས་བཤད་རྒྱུར། ཡེ་མིན་གྱི་ཙུང་ཐུང་ཧཱ་ཏིས་ཀྱིས་ཡེ་མིན་སྲིད་གཞུང་གིས་ཧུའུ་སེ་དྲག་ཆས་པ་དང་མཉམ་དུ་བཟུང་དམག་བརྗེ་སྤོར་བྱ་བར་ཡར་སྐུལ་གཏོང་དགོས་པའི་མཛུབ་སྟོན་གནང་བར་མ་ཟད། རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་དོན་དེར་བར་འདུམ་བྱེད་དགོས་པའི་འབོད་སྐུལ་བཏང་།

བྱེ་བྲག་གི་བཟུང་དམག་ཁ་གྲངས་མིག་སྔར་ད་རུང་ཁྱབ་སྒྲོག་བྱས་མེད། ཉིས་སྟོང་བཅུ་བདུན་ལོར། ཡེ་མིན་འགྲོ་མིའི་ཐོབ་ཐང་པུའུ་ཡིས་ཧུའུ་སེ་དྲག་ཆས་པས་བཟུང་དམག་ཁྲི་གཅིག་དང་སྟོང་བཞི་ལྷག་བཀག་འཇུག་བྱས་ཡོད་པ་ཁྱབ་སྒྲོག་བྱས། དེའི་ནང་ཧཱ་ཏིས་སྲིད་གཞུང་ལ་བློ་དཀར་བའི་མཐོ་རིམ་དམག་དཔོན་འགའ་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།