ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་ཧིན་རྡུ་ཉི་ཞི་ཡཱའི་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་གསུམ་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཉིན་དེར་ཧིན་རྡུ་ཉི་ཞི་ཡཱ་ནས་བྱུང་བའི་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་བྱིས་པ་བེད་སྤྱད་དེ་འཇབ་རྒོལ་དོན་རྐྱེན་བཟོས་པར་ཧ་ལས་པའི་ཚུལ་བསྟན། ཁོས་འདས་པོའི་ཁྱིམ་མིར་འཚམས་འདྲི་བྱས་པ་དང་། རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས།

ཀུའུ་ཐི་ལོས་སི་ཡིས་གསལ་སྒྲོག་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཧིན་རྡུ་ཉི་ཞི་ཡཱའི་སྲིད་གཞུང་དང་མི་དམངས་ཀྱིས་འཇིགས་སྐུལ་རིང་ལུགས་དང་དྲག་ཤུགས་ཐལ་སྤྱོད་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་དོགས་ཟོན་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་བསྐྱར་སྒྲོག་བྱས།

ཧིན་རྡུ་ཉི་ཞི་ཡཱའི་བཀྲའ་ཝ་ཞིང་ཆེན་ཤར་མའི་ལྟེ་གནས་གྲོང་ཁྱེར་སི་ཧྲོས་གྲོང་ཁྱེར་གྱི་ཆོས་ཁང་གསུམ་ལ་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་སྔ་གཞུག་ཏུ་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་ཐེབས་ཏེ། མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་ཞེ་གཅིག་ལ་རྨས་ཕོག ཧིན་རྡུ་ཉི་ཞི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། འཇབ་རྒོལ་བྱེད་མཁན་དག་ནི་ཁྱིམ་ཚང་གཅིག་གི་ཁྱིམ་མི་ཡིན་པ་དང་། དེའི་ནང་བྱིས་པ་ཡང་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།