ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་སུམ་ཅུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་དམག་ཕྱོགས་ཀྱི་མགྲིན་ཚབ་པས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཉིན་དེར་སོ་མཱ་ལིའི་དབུས་ཕྱོགས་ཀྱི་ཞེ་ལན་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་ཏེ། སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སུམ་ཅུ་བསད་ཟེར།

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གི་ཞེ་ལན་ས་ཁུལ་གྱི་མགྲིན་ཚབ་པ་ཨ་ཅཱ་ཅིག་ཧྥུའུ་ཡིས་གསར་འགྱུར་ལས་རིགས་ལ་བསྟན་དོན། འཐབ་རྩོད་དྲག་པོ་བྱས་པ་བརྒྱུད། སྲིད་གཞུང་དམག་དཔུང་གིས་དྲག་ཆས་ཉེས་ཅན་གྱིས་བེད་སྤྱོད་བྱས་པའི་རྟེན་གཞི་བདག་བཟུང་བྱས་པར་མ་ཟད། མཚོན་ཆ་དང་སྒྲིག་ཆས་སྐོར་ཞིག་གཞུང་བཞེས་བྱས་ཟེར།

ཉེ་སྔོན་སོ་མཱ་ལི་རུ་སྡོད་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་རྒྱབ་སྐྱོར་འོག སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་།

སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་དེ་རྟེན་གཞི་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་ཤིག་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་སོ་མཱ་ལི་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ཏུ་འཇིགས་སྐུལ་འཇབ་རྒོལ་ཐེངས་མང་སྤེལ། སོ་མཱ་ལི་རུ་སྡོད་པའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གིས་ཀྱང་རྩ་འཛུགས་དེའི་འཇབ་རྒོལ་དམིགས་འབེན་དུ་གྱུར་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།