ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒུད་སྐྱོབ་མི་སྣ་བཞི་ལ་ནེ་ཀྲི་རི་ཡཱ་ནས་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱིས་ཚེས་གཉིས་ཉིན་བདེན་དཔང་བྱས་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒུད་སྐྱོབ་མི་སྣ་བཞི་ལ་ཚེས་གཅིག་ཉིན་གྱི་དགོང་མོར་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འཇབ་རྒོལ་ཅིག་གི་ཁྲོད་རྐྱེན་ལམ་དུ་ཤོར་ཟེར།

ནེ་ཀྲི་རི་ཡཱའི་པའོ་ཨར་ནོའུ་ཀྲིག་གི་ལྟེ་གནས་གྲོང་ཁྱེར་མེད་ཏུའུ་ཀུའུ་ལི་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཉིག་པའོ་ཐི་ཡིས་བཤད་རྒྱུར། རྐྱེན་ལམ་དུ་ཤོར་བའི་རྒུད་སྐྱོབ་མི་སྣ་བཞི་བོ་ཚང་མ་ནེ་ཀྲི་རི་ཡཱའི་མི་ཡིན་པ་དང་། དེའི་ནང་མི་གཉིས་ཀྱིས་རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱི་དོ་དམ་བྱ་བའི་འགན་ཁུར་ཡོད། མི་གཅིག་ནི་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པའི་སྨན་པ་ཡིན་ལ། མི་གཞན་པ་གཅིག་གི་ཐོབ་ཐང་གསལ་བོར་མི་ཤེས། དེ་ལས་གཞན་མི་གཅིག་བཙན་ཁྲིད་བྱས་ཟེར།

མིང་བཤད་མི་འདོད་པའི་བདེ་འཇགས་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་ཚེས་གཅིག་ཉིན་གྱི་དགོང་མོར་མེད་ཏུའུ་ཀུའུ་ལི་ནུབ་ངོས་ཀྱི་སྤྱི་ལེ་བརྒྱ་དང་ལྔ་བཅུ་ཙམ་ཡོད་པའི་དམག་དོན་རྟེན་གཞི་ནས་རྒུད་སྐྱོབ་མི་སྣ་འགར་འཇབ་རྒོལ་བྱས། དེ་ལས་གཞན་འགྲོ་སའི་ཁྱིམ་མེད་པའི་མི་རེ་འགའ་དང་ས་དེའི་བདེ་འཇགས་མི་སྣ་རེ་འགར་ཡང་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།