ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་བྱང་ཕྱོགས་ས་ཁུལ་དུ་མེ་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་ནས་ཉུང་མཐར་ཡང་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྒྲགས་པ་ལྟར་ན། ཨེ་ཅིབ་བྱང་ཕྱོགས་ཀྱི་པུའུ་ཧེ་ལཱ་ཞིང་ཆེན་ནས་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་མེ་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་བཅུ་ལྷག་ལ་རྨས་ཕོག

མིག་སྔར་མྱུར་སྐྱོབ་རླངས་འཁོར་དང་བདེ་སྲུང་མི་སྣ་མང་བོ་ཡུལ་དངོས་སུ་འབྱོར་ནས་རྒུད་སྐྱོབ་བྱེད་བཞིན་ཡོད། པུའུ་ཧེ་ལཱ་ཞིང་ཆེན་གྱི་སྨན་བཅོས་ལས་ཁུངས་ཚང་མས་དོགས་ཟོན་མཐོར་འདེགས་བྱས་ཏེ་རྨས་མར་གསོ་བཅོས་བྱེད་བཞིན་ཡོད།

པུའུ་ཧེ་ལཱ་ཞིང་ཆེན་གྱི་བདེ་འཇགས་དཔོན་པོས་བཤད་རྒྱུར། དོན་རྐྱེན་བྱུང་སྐབས་འགྲུལ་སྐྱེལ་མེ་འཁོར་གྱི་འཁོར་སྒམ་གཉིས་ལྕགས་ལམ་ལས་བརྒལ་ནས་ཉེ་འགྲམ་གྱི་དངོས་སྐྱེལ་མེ་འཁོར་ཞིག་ལ་ཐོ་བརྒྱབ་པ་རེད།

ལྕགས་ལམ་གྱི་རྨང་གཞིའི་སྒྲིག་ཆས་རྙིང་ཞན་ཡིན་པ་དང་དོ་དམ་གསོ་སྦྱོང་འཐུས་ཚང་མིན་པ་སོགས་ཀྱི་རྒྱུ་རྐྱེན་དབང་གིས་ཨེ་ཅིབ་ཏུ་ལྕགས་ལམ་གྱི་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།