ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཅུའི་ཉིན། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ནཱ་པུའུ་ལུའུ་སི་གྲོང་ཁྱེར་ནས། དབྱི་སི་རལ་གྱི་དམག་དཔུང་གིས་གཞུང་ལམ་བཀག་སྡོམ་བྱས། ཡིའུ་ཐེ་བའི་སྡོད་དམངས་ཤིག་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ནཱ་པུའུ་ལུའུ་སི་གྲོང་ཁྱེར་ཉེ་འདབས་སུ་མེ་མདའི་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་ཤོར་རྗེས། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུའི་ཉིན་ནཱ་པུའུ་ལུའུ་སིའི་ཕྱིར་གཏོང་ནང་བགྲོད་ཀྱི་རྒྱུ་ལམ་བཀག་སྡོམ་བྱས་པར་མ་ཟད། ཅོར་ཏན་གཙང་བོིའི་ནུབ་འགྲམ་ས་ཁུལ་དུ་འཛིན་བཟུང་འགུལ་སྐྱོད་སྤེལ་བ་རེད།
དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གྲོང་ཁྱེར་བཀག་སྡོམ་བྱས་ཏེ་འཛིན་བཟུང་འགུལ་སྐྱོད་སྤེལ།
ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།
སྤེལ་དུས། : 2018-01-11
རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།