ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་འཇར་པན་དང་ཀྲུང་གོའི་འབྲེལ་བ་མཐོ་ཚད་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་བཅུ་དགུའི་ཉིན་ཏུང་ཅིན་ནས་གཏམ་བཤད་སྤེལ་སྐབས་བསྟན་དོན། སང་ལོར་འཇར་པན་དང་ཀྲུང་གོའི་ཞི་བདེ་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་འཁོར་བཞི་བཅུ་འགོར་བ་གོ་སྐབས་སུ་བྱས་ཤིང་། འཇར་པན་དང་ཀྲུང་གོའི་མཐོ་རིམ་བར་གྱི་བརྗེ་རེས་ལ་ཡར་སྐུལ་བཏང་ནས། འཇར་པན་དང་ཀྲུང་གོའི་འབྲེལ་བ་དེ་མཐོ་ཚད་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ཟེར།

ཨན་པའེ་ཅིན་སན་གྱིས་ཉེ་སྔོན་ཚོགས་ར་མི་འདྲ་བ་ནས་འཇར་པན་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བའི་རེ་འདུན་བསྟན། ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གྱི་ཅན་ཀང་ནས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་ལ་མཇལ་འཕྲད་གནངས། ཞི་ཅིན་ཕིང་གིས་བསྟན་དོན། ད་ལོི་ནི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་རྒྱུན་ལྡན་དུ་གྱུར་ནས་ལོ་ངོ་ཞེ་ལྔ་འགོར་བའི་ལོ་ཡིན་པ་དང་། སང་ལོ་ནི་ཀྲུང་གོ་དང་འཇར་པན་གྱི་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་འཁོར་བཞི་བཅུ་འགོར་བའི་ལོ་ཡིན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་ནས་མགོ་བརྩམས་ཏེ། ཞི་བདེ་དང་མཛའ་མཐུན། མཉམ་ལས་ཁ་ཕྱོགས་ཆེན་མོ་བཅས་ལ་གོ་བ་ཡང་དག་བླངས་ཤིང་། འབད་བརྩོན་ལྷོད་མེད་ཀྱིས་ཕན་ཐོགས་ཡོད་པའི་ཆ་རྐྱེན་བསགས་ནས་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་མུ་མཐུད་དུ་ལེགས་བཅོས་བྱེད་པ་དང་བཟང་བའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་དགོས་ཟེར།

ཨན་པའེ་ཅིན་སན་གྱིས་བསྟན་དོན། འཇར་པན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། སང་ལོར་འཇར་པན་དང་ཀྲུང་གོའི་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་འཁོར་བཞི་བཅུ་འགོར་བ་གོ་སྐབས་སུ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གཉིས་ཕན་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་འདོད་ཡོད། འཇར་པན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་བྱེད་པ་དང་། གཉིས་ཕན་གཉིས་རྒྱལ་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྤེལ་ནས། གཅིག་འབྲེལ་གཅིག་བརྟེན་དང་རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་ནང་མཉམ་ལས་བྱེད་པར་གྲོས་བསྡུར་བྱེད་པའི་རེ་བ་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།