ཀྲུང་གོ་བོད་ཀྱི་དྲ་བ།

མུའུ་ཅཱ་པེ་ཡིས་ཙེམ་པབ་ཝེའི་དམག་ཕྱོགས་བར་གྲོས་མོལ་བྱས་ཏེ་ལས་འགན་བསྐྱུར་ནས་ཁྱིམ་མིའི་བདེ་འཇགས་སྲུང་བར་འཐད་པ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

现年93岁的罗伯特·穆加贝.jpg

ད་ལོར་ལོ་གོ་གསུམ་ཡིན་པའི་མུའུ་ཅཱ་པེའི་རྒྱུ་ཆའི་པར་རིས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཙེམ་པབ་ཝེའི་ཙུང་ཐུང་མུའུ་ཅཱ་པེ་ཡིས་ཙེམ་པབ་ཝེའི་དམག་ཕྱོགས་བར་གྲོས་མོལ་བྱས་ཏེ། ལས་འགན་བསྐྱུར་ནས་ཁྱིམ་མིའི་བདེ་འཇགས་སྲུང་བར་འཐད་པ་བྱུང་།

བསྒྲགས་པ་ལྟར་ན། གྲོས་མོལ་བྱེད་སྐབས་ཙེམ་པབ་ཝེའི་དམག་ཕྱོགས་ཀྱིས་ཁོའི་ཁྱིམ་མིའི་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་ཁས་ལེན་བྱས་རྗེས། མུའུ་ཅཱ་པེ་ཡིས་ལས་འགན་བསྐྱུར་བར་འཐད་པ་བྱུང་བ་རེད་ཟེར།

དེ་ནི་གྲོས་མོལ་སྐོར་ཐེངས་གསར་བ་ཞིག་ཡིན་པ་རེད། གཟའ་འཁོར་འདིའི་གཟའ་ཕུར་བུའི་ཉིན་སྤེལ་བའི་གྲོས་མོལ་ནས་གྲུབ་འབྲས་ངེས་ཅན་བླངས་ཀྱང་། གནད་དོན་གྱི་གནད་དོན་རེ་འགའི་ཐད་གྲོས་མཐུན་བྱུང་མེད།

ཚེས་བཅུ་དགུའི་ཉིན། ཙེམ་པབ་ཝེའི་སྲིད་འཛིན་ཏང་ཨ་ཧྥེ་རི་ཁ་མི་རིགས་མནའ་འབྲེལ་དང་རྒྱལ་གཅེས་འཐབ་ཕྱོགས་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་དམིགས་བསལ་གྲོས་ཚོགས་བསྡུས་ཏེ། ད་ལྟའི་ཙུང་ཐུང་མུའུ་ཅཱ་པེ་ཡི་ཏང་ནང་གི་མགོ་ཁྲིད་པའི་ལས་འགན་མེད་པར་བཟོ་བའི་ཐད་གྲོས་བསྡུར་བྱས།

ཙེམ་པབ་ཝེའི་དམག་མི་རྒན་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་མུའུ་ཚི་ཝན་ཀི་ཝ་ཡིས་བསྟན་དོན། མུའུ་ཅཱ་པེ་ཡི་སྲིད་འཛིན་ཏང་ནང་ཁུལ་གྱི་གཙོ་འཛིན་ལས་འགན་དེ་ཚེས་བཅུ་དགུའི་ཉིན་མེད་པར་བཏང་བ་དང་། སྲིད་འཛིན་ཏང་ཨ་ཧྥེ་རི་ཁ་མི་རིགས་མནའ་འབྲེལ་དང་རྒྱལ་གཅེས་འཐབ་ཕྱོགས་ཀྱིས་ཏང་ནང་ནས་ཕྱིར་ཕུད་ཡོད་ཟེར།

མུའུ་ཚི་ཝན་ཀི་ཝ་ཡིས་ད་རུང་བཤད་རྒྱུར། སྔོན་ཆད་ཀྱི་ཙུང་ཐུང་གཞོན་པ་མུའུ་ནན་ཅཱ་ཀི་ཝ་ཡི་ལས་གནས་དེ་ཨ་ཧྥེ་རི་ཁ་མི་རིགས་མནའ་འབྲེལ་དང་རྒྱལ་གཅེས་འཐབ་ཕྱོགས་ཀྱི་གྲོས་ཚོགས་སྟེང་སླར་གསོ་བྱེད་རྒྱུ་ཡིན་པ་དང་། མུའུ་ཅཱ་པེ་ཡི་ལྕམ་མོ་ཀི་ལོས་སི་ཡང་ཨ་ཧྥེ་རི་ཁ་མི་རིགས་མནའ་འབྲེལ་དང་རྒྱལ་གཅེས་འཐབ་ཕྱོགས་ཀྱི་བུད་མེད་མཉམ་འབྲེལ་ལས་ཕྱིར་ཕུད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།