ཀྲུང་གོ་བོད་ཀྱི་དྲ་བ།

ཝུན་ཙེ་ཡུན་གྱིས་ཧན་གོ་དང་འཇར་པན་གྱི་གྲོས་མིའི་མནའ་འབྲེལ་གྱི་འཇར་པན་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས་ཏེ་ལུས་རྩལ་སོགས་མཉམ་ལས་ཇུས་གཞིར་གྲོས་བསྡུར་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར་ཆིན་ཝ་ཐེ་ནས་འཚམས་འདྲིར་ཡོང་བའི་ཧན་གོ་དང་འཇར་པན་གྱི་གྲོས་མིའི་མནའ་འབྲེལ་གྱི་འཇར་པན་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཧན་གོ་དང་འཇར་པན་གྱི་དཔལ་འབྱོར་མཉམ་ལས་དང་ཕེན་ཁྲང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སོགས་མཉམ་ལས་གནད་དོན་ལ་གྲོས་བསྡུར་བྱས།

བསྒྲགས་པ་ལྟར་ན། ཐེངས་འདིའི་གྲོས་མོལ་གྱི་བརྗོད་སྙིང་ནི་ཉིས་སྟོང་བཅོ་བརྒྱད་ལོའི་ཕེན་ཁྲང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་ཉིས་སྟོང་ཉི་ཤུ་ལོའི་ཏུང་ཅིན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་སྤེལ་བའི་དོན་ལ་གྲོས་མོལ་བྱེད་རྒྱུ་དེ་ཡིན་པ་དང་། ཚོད་དཔག་བྱས་པ་ལྟར་ན་ཕྱོགས་གཉིས་ཀྱིས་ཧན་གོ་དང་འཇར་པན་གྱི་དཔལ་འབྱོར་མཉམ་ལས་དང་། ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐད་ཀྱི་གྲོས་མཐུན་ཇུས་གཞིར་ཤུགས་སྣོན་པ་སོགས་ལ་གྲོས་བསྡུར་བྱེད་རྒྱུ་རེད།

ཧན་གོ་དང་འཇར་པན་གྱི་གྲོས་མིའི་མནའ་འབྲེལ་གྱི་འཇར་པན་ཕྱོགས་ཀྱི་ཚོགས་གཙོ་ཨིག་ཧི་ཧྥུའུ་ཀྲི་ལིང་དང་ལས་འཛིན་པ་ཧི་ཆོན་ཅན་ཁང་སོགས་འཇར་པན་ཕྱོགས་ཀྱི་འཐུས་མི་བཅུ་གཉིས་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར་ཧྲིག་ཨར་དུ་འབྱོར་རྒྱུ་ཡིན་པ་དང་། སྔ་དྲོར་ལས་འཛིན་པའི་གྲོས་ཚོགས་བསྡུ་རྒྱུ་རེད།

ཧན་གོ་དང་འཇར་པན་གྱི་གྲོས་མིའི་མནའ་འབྲེལ་གྱི་ཧན་གོའི་ཕྱོགས་ཀྱི་ཚོགས་གཙོ། སྲིད་འཛིན་ཏང་ཐུན་མོང་དམངས་གཙོ་ཏང་གི་གྲོས་མི་ཅང་ཁྲང་དབྱེ་དང་ཧན་གོ་ཕྱོགས་ཀྱི་གྲོས་མི་གཞན་པ་གཉིས་གྲོས་ཚོགས་ལ་ཞུགས་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།