ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་རྒྱ་གར་གྱིས་ཡོན་ཏུང་ས་ཁུལ་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཤར་ཕྱོགས་དམག་ཁུལ་གྱི་གསར་འགྱུར་ཁྲུའུ་ཡིས་ཚེས་ཉེར་གསུམ་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སི་དང་རྒྱ་གར་གྱིས་ཉིན་དེ་ནས་བཟུང་ཨུ་རུ་སིའི་ཡོན་ཏུང་ས་ཁུལ་གྱི་མཚོ་འགྲམ་མཐའ་མཚམས་ས་ཁུལ་ནས་ཨུ་རུ་སི་དང་རྒྱ་གར་གྱི་ཉིས་སྟོང་བཅུ་དྲུག་ལོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་མགོ་རྩོམ་པའི་མཛད་སྒོ་ཉིན་དེར་མཚོ་འགྲམ་མཐའ་མཚམས་ས་ཁུལ་གྱི་ཞེ་ཨར་ཀའེ་ཡེ་ཧྥུའུ་མདའ་འཕེན་ར་བ་ནས་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དཔོན་དམག་གིས་དམག་གཟིགས་མཛད་སྒོ་སྤེལ། བསྡོམས་པས་ཕྱོགས་གཉིས་ཀྱི་དཔོན་དམག་ལྔ་བརྒྱ་དམག་དོན་སྦྱོང་བརྡར་ལ་ཞུགས། མི་ཉིས་བརྒྱ་དང་ལྔ་བཅུས་གྲུབ་པའི་རྒྱ་གར་གྱི་འཕྲུལ་རྟ་ཅན་གྱི་རྐང་དམག་སྒར་ས་དང་ཨུ་རུ་སིའི་ཤར་ཕྱོགས་དམག་ཁུལ་གྱི་ཁོངས་སུ་གཏོགས་པའི་མཁའ་དམག་ཀྱང་དམག་དོན་སྦྱོང་བརྡར་དེ་ལ་ཞུགས་ཡོད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། དམག་དོན་སྦྱོང་བརྡར་དེ་ཟླ་བཅུ་བའི་ཚེས་གཉིས་ཉིན་བར་རྒྱུན་བསྲིང་རྒྱུ་རེད་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།