ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་རང་རྒྱལ་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི1.57ལ་སླེབས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་སྔོན་བསྡུས་པའི2023ལོའི་ཀྲུང་གོ་རྒྱལ་སྤྱིའི་གཞི་གྲངས་ཆེན་མོའི་ཐོན་ལས་འགྲེམ་སྟོན་ཚོགས་འདུའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། 2022ལོར་རང་རྒྱལ་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་གཞི་ཁྱོན་སྒོར་དུང་ཕྱུར1.57ལ་སླེབས་པ་དང་དུས་མཉམ་ལས18%འཕར་ཏེ། གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོར་གྱུར་ཡོད།

གཞི་གྲངས་ཆེན་མོའི་ཐོན་ལས་ནི་གཞི་གྲངས་ཆགས་གྲུབ་དང་འཚོལ་བསྡུ། གསོག་ཉར། ལས་སྣོན། དབྱེ་ཞིབ། ཞབས་ཞུ་བཅས་གཙོ་ཡིན་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཤིག་ཡིན་ལ། གཞི་གྲངས་རྒྱུ་རྐྱེན་སྦས་ཤུགས་སྐུལ་སློང་བྱེད་པའི་གནད་འགག་གི་རོགས་འདེགས་ཡིན་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་སྤུས་ཚད་འགྱུར་ལྡོག་དང་ཕན་འབྲས་འགྱུར་ལྡོག སྒུལ་ཤུགས་འགྱུར་ལྡོག་གི་སྒུལ་བྱེད་འཕྲུལ་འཁོར་ཡིན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།