ཀྲུང་གོ་བོད་ཀྱི་དྲ་བ།

ལོ་རྒྱུས་ཐོག་གི་གད་སྙིགས་རིགས་དབྱེའི་བྱ་ཐབས་ནན་མོ་ཐོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 《ཧྲང་ཧའེ་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་དོ་དམ་སྲོལ་ཡིག》དེ་ཟླ་7ཚེས་1ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། སྲོལ་ཡིག་ནང་གཏན་འབེབས་བྱས་དོན། གལ་ཏེ་མི་སྒེར་གྱིས་གད་སྙིགས་རིགས་དབྱེ་མ་བྱས་པར་གཡུག་ན་དངུལ་ཆད་ཆེས་མང་ན་སྒོར་200གཅོད་པ་དང་། སྡེ་ཁག་གིས་རིགས་དབྱེ་མ་བྱས་པར་དབོར་འདྲེན་བྱས་ན་དངུལ་ཆད་ཆེས་མང་ན་མི་དམངས་ཤོག་སྒོར་ཁྲི་5གཅོད་རྒྱུ་རེད། མི་ལ་ལས་གཏན་འབེབ་དེ་ནི་ལོ་རྒྱུས་ཐོག་གི་གད་སྙིགས་རིགས་དབྱེའི་བྱ་ཐབས་ནན་མོ་ཡིན་པར་བརྗོད། ཡང་མི་ཁ་ཤས་ཀྱིས་ཚོང་ལས་ཀྱི་གོ་སྐབས་བཙལ་ནས“གད་སྙིགས་ཚབ་འཕེན”ཀྱི་ཞབས་ཞུ་མཁོ་འདོན་བྱས་ཤིང་། གྲོང་མིས་གད་སྙིགས་སྒོ་ཁ་རུ་ཐུམ་སྒྲིལ་ཡག་པོ་བརྒྱབ་ནས་བཞག་པ་དང་ཉིན་རེའི་སྔ་དྲོར་ཆེད་ལས་མི་སྣས་གད་སྙིགས་རིགས་དབྱེ་དང་ཐག་གཅོད་ཀྱི་ཞབས་ཞུ་བྱས་པ་དང་། ཐེངས་རེར་ཞབས་ཞུའི་གྲོན་དངུལ་མི་དམངས་ཤོག་སྒོར་1སྤྲོད་དགོས་ཀྱི་ཡོད། །

timg.jpg

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།