ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅ་ཉི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

138142376_15604750364371n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པི་ཧྲི་ཁའེ་ཁི་ནས་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅ་ཉི་ལ་མཇལ་འཕྲད་གནང་། 

ཞི་ཅིན་ཕིང་གིས་ཨ་ཧྥུའུ་ཧན་རང་བཙན་བྱས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཨ་ཧྥུའུ་ཧན་རྒྱལ་ཁབ་སྔ་མོ་ནས་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཡོང་བར་སྨོན་འདུན་ཞུས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥུའུ་ཧན་ནི་སྲོལ་རྒྱུན་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་དང་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོ་ཡིན།  ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་ནང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་དཔལ་འབྱོར་ཚོང་དོན་དངོས་སྒྲུབ་ཀྱི་མཉམ་ལས་རྣམ་གྲངས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་གཞིར་བཟུང་ནས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱས།  ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་ཨ་ཧྥུའུ་ཧན་ལ་རོགས་རམ་བྱས་ནས་འཇིགས་སྐུལ་ལ་ངོ་རྒོལ་དང་བརྟན་ལྷིང་གི་ནུས་བ་སྲུང་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ་དང་ཨ་ཧྥུའུ་ཧན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་ཕྱོགས་ཀྱིས“ཏུང་དབྱི་ལས་འགུལ”འཇིགས་སྐུལ་སྟོབས་ཤུགས་ལ་རྡུང་རྡེག་དང་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་ཡོད་ཅེས་གསུངས་པ་རེད། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས“ཨ་ཧྥུའུ་ཧན་གྱིས་གཙོ་ཁྲིད་བྱེད་པ་དང་། ཨ་ཧྥུའུ་ཧན་ལ་དབང་བའི” རྒྱ་ཆེ་བའི་མཐུན་འགྲིག་གི་འཕེལ་རིམ་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། མུ་མཐུད་དུ་ཐབས་ལམ་སྣ་ཚོགས་བརྒྱུད་ནས་ཧུར་ཐག་གིས་འདུམ་འགྲིག་བྱེད་པར་སྐུལ་འདེད་བྱས་ཏེ་ཨ་ཧྥུའུ་ཧན་མི་དམངས་ནང་ཁུལ་གྱི་སྐད་ཆ་བཤད་རེས་མངོན་འགྱུར་ཡོང་རྒྱུར་རོགས་རམ་བྱ་རྒྱུ་ཡིན།  ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་དང་ཕ་ཁི་སི་ཐན་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་པར་རྒྱབ་སྐྱོར་བྱས་ཏེ་ཕན་ཚུན་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་མཉམ་ལས་སྤེལ་དགོས། ང་ཚོས་ཀྲུང་གོ་དང་ཨ་ཧྥུའུ་ཧན། ཕ་ཁི་སི་ཐན་བཅས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་འདོད་ཡོད་ཅེས་གསུངས་པ་རེད། 

ཅ་ཉིས་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོས་བཏོན་པས་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པ་དང་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བའི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པ།  དེ་ནི་དུས་རབས21པར་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་དཔེ་མཚོན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་གྱི་ཞི་བདེ་མཐུན་འགྲིག་གི་འཕེལ་རིམ་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ཁྲོད་དགེ་མཚན་ལྡན་པའི་ནུས་པ་བཏོན་པར་ཨ་ཧྥུའུ་ཧན་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། “ཏུང་དབྱི་ལས་འགུལ”གྱི་འཇིགས་སྐུལ་སྟོབས་ཤུགས་ལ་ཐུན་མོང་གིས་ངོ་རྒོལ་བྱེད་པ་དང་རང་ངོས་ཀྱི་བསྐྱར་སྐྲུན་འཕེལ་རྒྱས་ཀྱི་འཆར་འགོད་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་སྦྲེལ་མཐུད་བྱས་ཏེ་ཨ་ཧྥུའུ་ཧན་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་འབྲེལ་བ་དེ་བས་དམ་ཟབ་འཛུགས་འདོད་ཡོད་ཅེས་གསུངས་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།