ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཤར་བྱང་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་སུ་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124593649_15598303098271n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། རྒྱལ་སྲིད་སྤྱི་ཁྱབ་ཁང་གཤར་བྱང་ས་ཁུལ་སོགས་བཟོ་ལས་རྙིང་པ་དར་རྒྱས་སུ་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཤར་བྱང་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་སུ་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཧན་ཀྲིན་གྲོས་ཚོགས་ལ་ཞུགས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཤར་བྱང་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་པའི་དར་རྒྱས་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། ཕྱོགས་སོ་སོའི་ཐུན་མོང་གི་འབད་བརྩོན་བརྒྱུད་ནས་སྐོར་ཐེངས་གསར་བའི་ཤར་བྱང་དར་རྒྱས་ཐད་ནས་ཧུར་བརྩོན་རང་བཞིན་གྱི་འཕེལ་རྒྱས་གྲུབ་འབྲས་བླངས་ཡོད། ད་སྐབས་ཤར་བྱང་དཔལ་འབྱོར་ཚུལ་བསྒྱུར་བྱེད་པའི་གནད་འགག་གི་དུས་སྐབས་དང་འགལ་བ་མངོན་གསལ་ཡིན་པའི་དུས་སྐབས་སུ་སླེབས་ཡོད། ངེས་པར་དུ་ཤར་བྱང་དར་རྒྱས་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ཆེ་ཕྱོགས་ཁྲོད་དུ་ཟིན་པའི་ནང་དོན་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ཁྲོམ་རའི་གསོན་ཤུགས་སྐྱེད་པར་རྒྱབ་རྟེན་བྱེད་པ་དང་འཇོན་ཐང་མི་སྣ་གཅིག་བསྡུས་བྱེད་པར་ཤུགས་བསྣན་ཏེ། ཤར་བྱང་དར་རྒྱས་གསར་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་མངོན་པར་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཁྱོན་ཡོངས་ནས་ཤར་བྱང་དར་རྒྱས་སུ་གཏོང་རྒྱུ་དེ་བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་དགོས། ངེས་པ་དོན་གྱིས་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་དགོས། སྡེ་ཁག་སོ་སོས་སྲིད་བསྡུ་དབང་གཏོང་གི་ཐད་ནས་ཤར་བྱང་ལ་སྔར་ལས་ཆེ་བའི་རྒྱབ་སྐྱོར་བྱེད་དགོས་ཟེར།

སུན་ཁྲུན་ལན་དང་། ལིག་ཧི། ཝང་ཡུང་། ཞའོ་ཅེ། པ་ཐུར་བཅས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།