ཀྲུང་གོ་བོད་ཀྱི་དྲ་བ།

​ལིས་ཁི་ཆང་གིས་ཁམ་ཕུ་ཁྲེ་དབུ་བཞུགས་བློན་ཆེན་གཞོན་པ་ཞོར་དུ་ཕྱི་འབྲེལ་བློན་ཆེན་གྱི་འགན་འཁུར་མཁན་པུའུ་ལ་སོ་ཁུན་ལ་མཇལ་འཕྲད་གནང་།

    སྤེལ་དུས། : 2019-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གོླག་འཕྲིན་ལྟར།  ཟླ་ལྔ་བའི་ཚེས་སོ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཁམ་ཕུ་ཁྲེ་དབུ་བཞུགས་བློན་ཆེན་གཞོན་པ་ཞོར་དུ་ཕྱི་འབྲེལ་བློན་ཆེན་གྱི་འགན་འཁུར་མཁན་པུའུ་ལ་སོ་ཁུན་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཁམ་ཕུ་ཁྲེ་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་ཧ་ཅང་བཟང་། རྒྱལ་ཁབ་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་མཉམ་ལས་བྱས་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་བྱེད་པར་འབད་བརྩོན་བྱས་ནས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱས། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་རང་རྒྱལ་གྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱེད་པར་མ་ཟད། ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཁྱབ་ཁོངས་གཙོ་བོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་ཁམ་ཕུ་ཁྲེ་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་མཉམ་སྐྲུན་བྱེད་འདོད་ཡོད་ཟེར།

པུའུ་ལ་སོ་ཁུན་གྱིས་བཤད་རྒྱུར། ཁམ་ཕུ་ཁྲེ་དང་ཀྲུང་གོའི་འབྲེལ་བ་ཡུན་རིང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུ་བ་ཡིན། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཁམ་ཕུ་ཁྲེ་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡག་ཐོག་ཡག་བརྩེགས་ཡོང་བར་ནུས་ཤུགས་གང་ཡོད་འདོན་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།