ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་དང་འཇར་པན། ཧན་གོའི་མཉམ་ལས་རྒྱལ་སྤྱིའི་གླེང་སྟེགས་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་ཉིན། རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཝང་དབྱི་པེ་ཅིན་ནས་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་དང་འཇར་པན། ཧན་གོའི་མཉམ་ལས་རྒྱལ་སྤྱིའི་གླེང་སྟེགས་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཝང་དབྱི་ཡིས་བཤད་རྒྱུར། ད་ལོ་ནི་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱིས་མཉམ་ལས་བྱས་ནས་ལོ་ཉི་ཤུ་ལོན་པའི་ལོ་ཡིན་པ་དང་རྒྱལ་ཁབ་གསུམ་གྱི་མཉམ་ལས་དེ་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བར་གནས་ཡོད། ལོ་ཉི་ཤུའི་རིང་ལ། ཀྲུང་གོ་དང་འཇར་པན། ཧན་གོའི་མཉམ་ལས་ཐད་ནས་གྲུབ་འབྲས་ལེགས་པོ་ཐོབ་པ་དང་། རྒྱལ་ཁབ་གསུམ་གྱི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ཨེ་ཤ་ཡའི་ཞི་བདེ་བརྟན་འཇགས་སྲུང་སྐྱོབ་བྱེད་པ། འཛམ་གླིང་གི་དར་རྒྱས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་ཆེན་པོ་བཞག་ཟེར།

ཝང་དབྱི་ཡིས་བཤད་རྒྱུར། དེང་སྐབས་ཀྲུང་གོ་དང་འཇར་པན། ཧན་གོའི་མཉམ་ལས་དེ་གོ་སྐབས་གསར་བ་དང་འཕྲད་ཡོད་པས། ཀྲུང་གོ་ནི་ཀྲུང་གོ་དང་འཇར་པན། ཧན་གོའི་མཉམ་ལས་ཀྱི་ཀྲུའུ་ཞི་རྒྱལ་ཁབ་ཡིན་པའི་ཆ་ནས་འཇར་པན་དང་ཧན་གོ་ཕྱོགས་དང་མཉམ་དུ་ས་གནས་ཀྱི་ཞི་བདེ་བརྟན་འཇགས་མཉམ་དུ་སྐུལ་འདེད་གཏོང་བ་དང་། སྣ་མང་རིང་ལུགས་ཀྱི་དར་ཆ་མཉམ་སྒྲེང་བྱེད་པ། གསར་སྐྲུན་མཉམ་ལས་བྱེད་ཐབས་ལ་མཉམ་གྲོས་བྱེད་པ། དམངས་སེམས་མཉམ་འདྲིས་རྨང་གཞི་མཉམ་སྐྲུན་བྱེད་པ། ཁུལ་ཁོངས་མཉམ་བསྲེས་འཕེལ་རྒྱས་ལ་མཉམ་སྐུལ་བྱེད་པར་མ་ཟད། ཨེ་ཤ་ཡ་ཤར་ལྷོའི་དཔལ་འབྱོར་ཐུན་མོང་ཚོགས་པ་མཉམ་དུ་འཛུགས་སྐྲུན་བྱེད་པ་དང་ཨེ་ཤ་ཡའི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་འཛུགས་སྐྲུན་བྱས་ནས། མིའི་རིགས་ཀྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ཕྱོགས་སུ་མདུན་སྐྱོད་བྱེད་འདོད་ཡོད་ཟེར།

ཝང་དབྱི་ཡིས་བསྟན་དོན། ཅང་མ་འགོར་བའི་སྔོན་ལ། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་བདེ་བླག་ངང་ཚོགས། ཀྲུང་གོ་ཕྱོགས་ཀྱིས་མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་ལྟར། འཇར་པན་དང་ཧན་གོའི་མཉམ་ལས་གྲོགས་པོའི་ལུགས་མཐུན་བསམ་ཚུལ་ལ་ཉན་པ་དང་དེང་ལེན་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དེས་ཀྲུང་གོ་དང་འཇར་པན། ཧན་གོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྔར་ལས་ཡངས་པའི་བར་སྟོང་འདོན་སྤྲོད་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།