ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུས་རྩལ་ནུས་ཤེས་ལྡན་པའི་ཐོབ་ཐང་མཐོ་རུ་བཏང་ནས་ལས་རིགས་སློབ་གསོའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། སློབ་གསོ་པུས་ཁྲུང་ཆིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས《རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོའི་སྒྱུར་བཅོས་ལག་བསྟར་ཇུས་གཞི》(གཤམ་དུ་ལས་རིགས་སློབ་གསོའི་སྲོལ་ཡིག་20ཞེས་བསྡུ་རྒྱུ)བཀྲམ་ཚུན་གྱི་འཕེལ་རིམ་དང་དེ་བཞིན་ལས་ཀའི་འཆར་གཞི་ངོ་སྤྲོད་བྱས་ཡོད། སློབ་གསོ་པུས་ལེ་ལག་གི་སྲིད་ཇུས་དེ་བས་མང་བ་བཏོན་ནས་ལག་རྩལ་རྩལ་ནུས་ཤེས་ལྡན་པའི་གནས་བབ་དང་ཐོབ་ཐང་མཐོ་རུ་ཧུར་ཐག་བཏང་སྟེ་ལས་རིགས་སློབ་གསོའི་ཆ་རྐྱེན་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ལས་རིགས་སློབ་གསོའི་སྲོལ་ཡིག20བཀྲམ་ནས་ཟླ3ཙམ་སོང་ཚུན། སློབ་གསོ་པུས་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ། མི་སྤྱི་པུའུ་སོགས་སྡེ་ཚན10ལྷག་ཙམ་དང་མཉམ་དུ་མཐོ་རིམ་ལས་རིགས་ཁྲི་བརྒྱ་ལྷག་ཙམ་བསྡུས་པ་དང་། མཐོ་གཉིས་འཛུགས་སྐྱོང་སྤེལ་འགོ་ཚུགས་པ། 1+Xཡི་ལག་ཁྱེར་ལམ་ལུགས་ཀྱི་ཚོད་ལྟ། གཞི་ཁྱོན་ཆེ་བའི་ལས་རིགས་རྩལ་ནུས་མཐོར་གཏོང་བྱ་སྤྱོད། ཐོན་སློབ་མཉམ་འདྲེས་ཅན་གྱི་ཁེ་ལས། “སློབ་གསུམ་སྒྱུར་བཅོས” ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་སོགས་སྲིད་ཇུས་ཀྱི་ཡིག་ཆ15བཏོན་པ་དེ་དག་ལས་རིགས་སློབ་གསོའི་སྲོལ་ཡིག20ནང་བཏོན་པའི་སྲིད་ཇུས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པས་སྲིད་ཇུས་བཟང་པོའི་ཁེ་སྤོགས་གཅིག་སྡུད་བགོ་ཐུབ་ནས་ལས་རིགས་སློབ་གསོའི་སྒྱུར་བཅོས་ཆེ་མོ་དང་འཕེལ་རྒྱས་ཆེ་མོའི་རྣམ་པ་བཟང་པོ་སྤྱིའི་ཆ་ནས་མངོན་འགྱུར་བྱུང་ཡོད་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། ཉིན་ཤས་གོང་སློབ་གསོ་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ《སློབ་གླིང་དུ“1+X”ཡི་ལག་ཁྱེར་ལམ་ལུགས་ལག་བསྟར་བྱེད་རྒྱུའི་སྐོར་གྱི་ཚོད་ལྟའི་ཇུས་གཞི》བཀྲམ་ནས་ཚོད་ལྟའི་ལས་དོན་སྤེལ་བའི་བཀོད་སྒྲིག་བྱས་ཡོད། 2019ལོ་ནས་བཟུང་། ལས་རིགས་སློབ་གླིང་དང་བཀོལ་སྤྱོད་རྣམ་པའི་དངོས་གཞིའི་ཚན་ཁག་གི་མཐོ་སློབ་ཏུ“སློབ་གནས་ལག་ཁྱེར+ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་འགའི”ལམ་ལུགས་ཚོད་ལྟའི(1+Xལག་ཁྱེར་ལམ་ལུགས་ཀྱི་ཚོད་ལྟ)ལས་དོན་སྤེལ་འགོ་ཚུགས་མཁན་རེད། སློབ་གསོའི་པུས“1”དང“X”ཡི་འབྲེལ་མཐུད་དང་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ་ལག་ཁྱེར་གྱི་གསོ་སྦྱོང་ནང་དོན་ཆེད་ལས་ཀྱི་ཤེས་ལྡན་པའི་གསོ་སྐྱོང་ཇུས་གཞི་དང་མཉམ་འདྲེས་གང་ལེགས་དང་། སློབ་ཚན་བཀོད་སྒྲིག་དང་སློབ་ཁྲིད་ཀྱི་ནང་དོན་ལེགས་གཏོང་། སློབ་ཁྲིད་སྒྲིག་འཛུགས་དང་ལག་བསྟར་སྤྱི་འདོམས་བཅས་བྱས་ནས་སློབ་ཁྲིད་བྱེད་སྟངས་དང་བྱེད་ཐབས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་མཁན་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།