ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་མིས་བཟོས་གཙང་བོའི་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དང་བཀོལ་སྤྱོད་འཆར་འགོད་རྩ་གནད་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་ཏེ། མིས་བཟོས་གཙང་བོའི་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཐོན་ཁུངས་སྔོག་འདོན་གང་ལེགས་བྱེད་པ་དང་མེས་པོ་རྣམས་ཀྱིས་ང་ཚོར་བཞག་པའི་མིས་བཟོས་གཙང་བོ་སྲུང་སྐྱོབ་དང་དང་རྒྱུན་འཛིན། བཀོལ་སྤྱོད་བཟང་བོ་བྱེད་པ། མིས་བཟོས་གཙང་བོའི་རིག་གནས་ས་ཁུལ་གསར་སྐྲུན་བྱེད་རྒྱུ་ནི་དུས་རབས་གསར་བའི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ཉིས་སྟོང་བཅུ་དགུ་ལོའི་ཟླ་གཉིས་པར་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་མིས་བཟོས་གཙང་བོའི་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དང་བཀོལ་སྤྱོད་འཆར་འགོད་རྩ་གནད་འགྲེམ་སྤེལ་བྱས་པར་མ་ཟད་བར་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་པའི་རེ་བ་བཏོན། འཆར་འགོད་རྩ་གནད་འགྲེམ་སྤེལ་བྱས་པ་དེ་རིམ་པ་མཐོ་བའི་ཇུས་གཞི་ལ་ཤུགས་སྣོན་པ་དང་སྲུང་སྐྱོབ་དང་རྒྱུན་འཛིན། བཀོལ་སྤྱོད་བཅས་ཀྱི་བྱ་བར་སྐུལ་འདེད་གཏོང་བ། ཀྲུང་གོའི་སྣང་བརྙན་དྲིལ་སྒྲོག་དང་ཀྲུང་ཧྭའི་དཔལ་ཡོན་མངོན་པར་བྱེད་པའི་ས་ཁུལ་གསར་བ་གསར་སྐྲུན་བྱེད་པ། མིས་བཟོས་གཙང་བོའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། བཀོལ་སྤྱོད་བཅས་ལ་བརྟེན་ནས་མིས་བཟོས་གཙང་བོའི་འགྲམ་རྒྱུད་ཀྱི་ཁུལ་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བར་འཚོལ་ཞིབ་བྱེད་པར་དོན་སྙིང་གལ་ཆེན་ལྡན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།