ཀྲུང་གོ་བོད་ཀྱི་དྲ་བ།

2019ལོའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་བསྐྲུན་རྒྱུའི་གཙོ་གནད་ལས་འགན་ཁ་གསལ་བཏོན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས8ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཕྱི་ཕྱོགས་ལ་ཡོངས་བསྒྲགས་བྱས་པའི《2019ལོའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་བསྐྲུན་རྒྱུའི་གཙོ་གནད་ལས་འགན》(གཤམ་དུ《གཙོ་གནད་ལས་འགན》ཞེས་བསྡུ་རྒྱུ)ནང་། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་པའི་ཞིང་ལས་གཞན་སྒྱུར་མི་འབོར་གཞིས་ཆགས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དང་། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་དེ་གོང་གྲོང་ཁུལ་གྱི་རྒྱུན་སྡོད་མི་འབོར་ཁྲི100མན་གྱི་གྲོང་ཁྱེར་འབྲིང་ཆུང་དང་གྲོང་རྡལ་ཆུང་ངུའི་གཞིས་ཆགས་ཚད་བཀག་བསྟུད་མར་མེད་པར་བཟོ་བའི་རྨང་གཞིའི་ཐོག་གྲོང་ཁུལ་གྱི་རྒྱུན་སྡོད་མི་འབོར་ཁྲི100ནས་ཁྲི300བར་གྱི་གྲོང་ཁྱེར་ཆེ་གྲས་ཀྱིས་གཞིས་ཆགས་ཚད་བཀག་ཕྱོགས་ཡོངས་ནས་མེད་པ་བཟོ་རྒྱུ། གྲོང་ཁུལ་གྱི་རྒྱུན་སྡོད་མི་འབོར་ཁྲི་300ནས་ཁྲི་500བར་གྱི་གྲོང་ཁྱེར་ཆེ་གྲས་ཀྱིས་གཞིས་ཆགས་ཆ་རྐྱེན་ཕྱོགས་ཡོངས་ནས་སྒོ་འབྱེད་དང་ལྷུག་ཏུ་གཏོང་དགོས་པ་དང་འབྲེལ་གཙོ་གནད་ཚོགས་སྤྱིའི་གཞིས་ཆགས་ཚད་བཀག་ཕྱོགས་ཡོངས་ནས་མེད་པར་བཟོ་རྒྱུ་བཅས་ཁ་གསལ་བཏོན་ཡོད།

《གཙོ་གནད་ལས་འགན》ནང་གྲོང་ཁྱེར་ཆེ་གྲས་དང་ཆེས་ཆེ་གྲས་ཀྱིས་སྐར་མ་གསོག་པའི་གཞིས་ཆགས་སྲིད་ཇུས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་ནས་གཞིས་ཆགས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་སྐར་མ་གསོག་པའི་ནང་དོན་ཞིབ་ཚགས་སུ་བཏང་སྟེ་སྤྱི་ཚོགས་འགལ་བཅོལ་གྱི་གྲོན་དངུལ་འཇལ་བའི་ལོ་ཚད་དང་སྡོད་གནས་ལོ་ཚད་སྐར་གྲངས་ཀྱིས་བསྡུར་གྲངས་གཙོ་བོར་བཟུང་དགོས་པ་དང་། གྲོང་ཁྱེར་སྲིད་གཞུང་གིས་ཧེ་བག་ཅན་དང་གནད་སྨིན་ཅན་གྱི་གཞིས་ཆགས་སྲིད་ཇུས་འཚོལ་ཞིབ་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་གཞིས་ཆགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ། ཁང་པ་བོགས་མར་གླ་མཁན་རྒྱུན་སྡོད་མི་འབོར་གྲོང་ཁྱེར་གྱི་སྤྱི་པའི་ཐེམ་ཐོའི་ནང་འཇུག་ཆོག་པ་བཅས་བསྟན་ཡོད།

རྒྱུན་སྡོད་མི་འབོར་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཕྱོགས་ཡོངས་སུ་ཁྱབ་རྒྱུར་སྐུལ་འདེད་གཏོང་བའི་ཐད《གཙོ་གནད་ལས་འགན》ནང་འདི་ལོ་འདོད་པ་ཡོད་ལ་གཞིས་ཆགས་བྱུང་མེད་པའི་རྒྱུན་སྡོད་མི་འབོར་ཚང་མར་སྡོད་གནས་ལག་ཁྱེར་ཡོད་པའི་འགན་ལེན་བྱས་ནས་ས་ཁུལ་ཁག་གིས་སྡོད་གནས་ལག་ཁྱེར་ཟུར་སྣོན་གྱི་སྤྱི་པའི་ཞབས་ཞུ་དང་སྟབས་བདེའི་ནང་དོན་རིམ་བཞིན་མང་དུ་གཏོང་རྒྱུར་སྐུལ་ལྕག་བྱེད་དགོས་ཞེས་བཏོན་ཡོད།

སློབ་གསོའི་ཐད། 2019ལོའི་ལོ་མཇུག་ཏུ་འོས་འགན་སློབ་གསོའི་སློབ་གྲྭ་ཚང་མར་གཞི་རྩའི་སློབ་གཉེར་ཆ་རྐྱེན་གྱི“མཐའ་ཚད་དོན་ཚན་20”ཡི་རེ་བ་ལ་སླེབས་པ་བྱ་རྒྱུ་དང་ཐེམ་ཐོ་ཕ་མ་དང་མཉམ་དུ་ཡོད་པའི་བུ་ཕྲུག་ཅུང་མང་བའི་གྲོང་ཁྱེར་གྱིས་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་གཞུང་བཙུགས་སློབ་གྲྭས་ཐེམ་ཐོ་ཕ་མ་དང་མཉམ་དུ་ཡོད་པའི་བུ་ཕྲུག་བསྡུ་བ་དང་ཐེམ་ཐོ་ཕ་མ་དང་མཉམ་དུ་ཡོད་པའི་བུ་ཕྲུག་ས་གནས་དེ་རང་གི་མཐོ་རྒྱུགས་ནང་ཞུགས་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།

སྤྱི་ཚོགས་འགན་ལེན་ཐད། འདི་ལོ་གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ལམ་ལུགས་འཛུགས་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཞིང་ཆེན་ལས་བརྒལ་བའི་ཡུལ་གཞན་དུ་སྨན་བཅོས་དང་སྨན་ཁང་དུ་སྡོད་པའི་འགྲོ་སོང་དྲ་ཐོག་ནས་མཇུག་རྩིས་རྒྱག་ཚད་མང་དུ་བཏང་སྟེ་རྒྱང་བསྟེན་སྨན་བཅོས་དང་སྡེ་ཁུལ་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་ཚད་དང་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་ས་ཁུལ་ཁག་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་གཏན་འཁེལ་དང་གཞི་རྩའི་རྒན་གསོའི་མ་དངུལ་རྒྱུན་གཏན་ལེགས་སྒྲིག་གི་ལམ་སྲོལ་ཕྱོགས་ཡོངས་ནས་འཛུགས་རྒྱུར་ཁྲིད་སྟོན་བྱ་རྒྱུ་རེད།

སྡོད་ཁང་གི་ཐད། འདི་ལོ་མཉམ་སྡེབ་འཛུགས་སྐྲུན་ས་སྤྱོད་འཛུགས་སྐྱོང་དང་བོགས་གཏོང་སྡོད་ཁང་སྐྲུན་པའི་ཚོད་ལྟའི་ལས་དོན་མུ་མཐུད་ཟབ་ཏུ་བཏང་སྟེ་སྤྱི་པའི་བོགས་གཏོང་ཁང་པ་དང་སྡོད་ཁང་སྤྱི་གསོག་མ་དངུལ་ལམ་ལུགས་རྒྱུན་སྡོད་མི་འབོར་ལ་ཁྱབ་ཚད་རྒྱ་ཆེར་གཏོང་རྒྱུ།

ལས་ཞུགས་ཀྱི་ཐད། ཕྱོགས་གཅིག་ནས་འདི་ལོ་ཕྱོགས་མང་གི་སྤྱི་ཕན་ལས་ཞུགས་ཞབས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ཞིང་པ་ལས་མིའི་ལས་རིགས་རྩལ་ནུས་གསོ་སྦྱོང་གི་ཁྱབ་རྒྱ་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དང་། གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་འཚོ་བ་བརྟན་པོ་ཡོད་རུང་། ད་དུང་གཞིས་ཆགས་མེད་པའི་གྲོང་གསེབ་ཀྱི་མི་འབོར་དབུལ་པོར་ལས་རིགས་རྩལ་ནུས་གསོ་སྦྱོང་སོགས་གཞི་རྩའི་སྤྱི་པའི་ཞབས་འདེགས་སྔོན་ལ་མཁོ་འདོན་དང་འབྲེལ། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་མང་བའི་ས་ཁུལ་དང་ངལ་ནུས་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

《གཙོ་གནད་ལས་འགན》གཞིར་བཟུང་འདི་ལོ་ད་དུང“མི་དང་། ས་ཞིང་། དངུལ་བཅས་སྦྲེལ་མཐུད”སོགས་ཀྱི་ལེ་ལག་སྲིད་ཇུས་ཟབ་ཏུ་གཏོང་རྒྱུ་དང་། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་གཞན་སྒྱུར་གཏོང་སྤྲོད་བཀོད་སྒྲིག་བྱེད་སྐབས་ཞིང་ལས་གཞན་སྒྱུར་མི་འབོར་གྱི་གཞིས་ཆགས་གྲངས་འབོར་ལ་དེ་བས་བསམ་གཞིག་བྱ་རྒྱུ་དང་། 2019ལོར། ཀྲུང་དབྱང་ནོར་སྲིད་བྱ་དགའི་མ་དངུལ་མུ་མཐུད་བཀོད་སྒྲིག་བྱས་ནས་གཞིས་ཆགས་ཅུང་མང་བའི་ས་ཁུལ་ལ་རྒྱབ་སྐྱོར་བྱ་རྒྱུ། ས་ཁུལ་ཁག་གི་གྲོང་ཁྱེར་དང་གྲོང་རྡལ་དུ་འཛུགས་སྐྲུན་ས་སྤྱོད་གཞི་ཁྱོན་གསར་པ་བཀོད་སྒྲིག་བྱེད་སྐབས་ལོ་གོང་མའི་ཞིང་ལས་གཞན་སྒྱུར་མི་འབོར་གཞིས་ཆགས་གྲངས་ཚད་སྔར་བས་མང་དུ་གཏོང་བ་དང་གཞིས་ཆགས་བྱ་ཡུལ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་སྔར་ཡོད་ཁང་ས་བཤིགས་པའི་འཛུགས་སྐྲུན་ས་སྤྱོད་དམིགས་ཚད་ས་གནས་དེ་རང་གིས་སྤྱོད་པ་འཚོལ་ཞིབ་བྱ་རྒྱུ། ནོར་སྲིད་རང་བཞིན་གྱི་འཛུགས་སྐྲུན་མ་དངུལ་མི་འབོར་དབུལ་པོ་མང་བའི་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་འཇོག་པའི་ཐད་གཏོང་བའི་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

གྲོང་ཁྱེར་གྱི་ཐེམ་ཐོ་མིན་པའི་མི་འབོར་དུང་ཕྱུར1གྲོང་ཁྱེར་དུ་གཞིས་ཆགས་པར་སྐུལ་འདེད་བཏང་ནས་དེང་རབས་ཅན་གྱི་གྲོང་ཁྱེར་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞིང་། དེང་རབས་ཅན་གྱི་གྲོང་ཁྱེར་སུས་སྐྲུན་མཁན་རེད་དམ་ཞེ་ན། 《གཙོ་གནད་ལས་འགན》ནང་སྤྱི་ཚོགས་མ་རྩ་གྲོང་ཁྱེར་འཛུགས་སྐྲུན་དང་གཉེར་སྐྱོང་ལ་སྤྱོད་རྒྱུར་སྐུལ་ལྕག་བྱེད་དགོས་པ་དང་། ས་ཆ་སྤྱོད་ཚད་དོ་དམ་ལུགས་མཐུན་དང་འཚམ་པའི་སྔོན་འགྲོའི་ཆ་རྐྱེན་འོག་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་ས་སྤྱོད་སྣོན་འཕྲིའི་སྦྲེལ་མཐུད་ལྷག་འཕྲོའི་དམིགས་ཚད་ས་ཁུལ་ལས་བརྒལ་ནས་སྙོམས་སྒྲིག་བྱ་ཆོག་པ། གྲོང་ཁྱེར་གྱི་ཚོང་སྒྱུར་སྡོད་ཁང་མཁོ་སྤྲོད་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་དབར་གྱི་ས་ཁང་བདག་ཁོངས་ཁྲོམ་རའི་སྙོམས་སྒྲིག་སྟངས་འཛིན་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་བསྟན་ཡོད།

གྲོང་ཁྱེར་ཆེ་གྲས་སུ་གཞི་ཆགས་ཚད་བཀག་ལ་ལེགས་སྒྲིག་བྱས་ཤིང་། “གྲོང་ཁྱེར་ཆེན་པོའི་ནད”ཇི་ལྟར་བཅོས་པ་དང་ཆབས་ཅིག གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་དགོས་སམ། 《གཙོ་གནད་ལས་འགན》ནང་གྲོང་ཁྱེར་ཆེ་གྲས་དང་ཆེས་ཆེ་གྲས་ཀྱིས་གྲོང་ཁྱེར་གྱི་ནུས་པའི་ངེས་གནས་ལ་གཞི་ཚུགས་པ་དང་གོ་རིམ་མེད་པར་ཁྱབ་རྒྱུ་བཀག་སྟེ་ལྟེ་བའི་གྲོང་ཁུལ་གྱི་ལྟེ་བའི་ཁུལ་མིན་པའི་ནུས་པ་ལུགས་མཐུན་གསེད་བཀྲོལ་བྱས་ཏེ་ཐོན་ལས་དང་མི་འབོར་ཆུ་ཚོད་གཅིག་གི་འགྲིམ་འགྲུལ་གླིང་གི་ས་ཁུལ་དུ་ཁ་འགྲེམས་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། སློབ་གསོ་དང་སྨན་བཅོས་ཀྱི་ཐོན་ཁུངས་ཁྱབ་ཚུལ་ལེགས་སྒྲིག་དང་བཟང་སྒྲིག་བྱས་ཏེ་གསར་དུ་འཛུགས་པ་དང་གནས་སྤོ་བྱ་རྒྱུའི་ལས་རིགས་སློབ་གླིང་དང་སློབ་གྲྭ་རྩ་དོན་ཐོག་ནས་གྲོང་ཁྱེར་འབྲིང་ཆུང་དུ་སྔོན་ལ་བཀོད་སྒྲིག་བྱ་རྒྱུ། རིམ་གསུམ་སྨན་ཁང་དེ་བས་མང་བ་གྲོང་ཁྱེར་ཆེ་འབྲིང་དུ་བཀོད་སྒྲིག་བྱ་རྒྱུ། གྲོང་ཁྱེར་ཆེ་གྲས་ཀྱི་མིང་གྲགས་ཆེ་བའི་རིམ་གསུམ་སྨན་ཁང་གིས་གྲོང་ཁྱེར་འབྲིང་ཆུང་དུ་ཡན་ལག་སྨན་ཁང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ། གྲོང་ཁྱེར་ཆེ་གྲས་ཀྱི་མིང་གྲགས་ཆེ་བའི་སློབ་གྲྭ་འབྲིང་ཆུང་གིས་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་ལ་ཁ་གཏད་རོགས་རམ་གྱི་སློབ་སྐྱོར་བྱ་རྒྱུ། དེ་དང་དུས་མཚུངས། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་སྤྱི་འདོམས་འཆར་འགོད་དང་གཅིག་གྱུར་བདམས་གསེས་ཀྱི་གྲོང་གསེབ་ཀྱི་དགེ་རྒན་ཁ་གསབ་བྱེད་པའི་ལམ་སྲོལ་བཙུགས་ནས་ཐོབ་ཐང་རིམ་གྱིས་མཐོ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གྲོང་གསེབ་ཀྱི་དགེ་རྒན་ལས་གནས་ཀྱི་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་བར་སྐུལ་ལྕག་བྱ་རྒྱུ། གཞི་རིམ་སྨན་དོན་མི་སྣའི་ལས་གནས་ཀྱི་ཡིག་དབང་འགུག་ཤུགས་ཆེ་རུ་བཏང་ནས་རྫོང་སྨན་ཁང་དང་ཤང་གྲོང་འཕྲོད་བསྟེན་ཁང་གིས་རྫོང་ཁོངས་སྨན་ཁང་འཛུགས་སྐྲུན་ལ་སྐུལ་ལྕག་དང་གྲོང་ཁྱེར་གྱི་སྨན་ཁང་ཆེ་གྲས་དང་རྫོང་སྨན་ཁང་གིས་ཁ་གཏད་རོགས་རམ་དང་། སྐོར་སྐྱོད་སྨན་བཅོས། རྒྱང་བསྟེན་དམངས་བཅོས་ལམ་སྲོལ་བཅས་འཛུགས་སྐྱོང་ལ་སྐུལ་ལྕག་བྱ་རྒྱུ་བཅས་ཁ་གསལ་བཏོན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།