ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་བས་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་བས་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་ཁོ་ཚོ་དང་ལྷན་དུ་ལོ་སར་ལ་རོལ་བར་མ་ཟད་ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚབ་མཛད་དེ་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་ཆོས་དད་མང་ཚོགས་ལ་ལོ་སར་གྱི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས།

ཝང་དབྱང་གིས་ཆོས་ལུགས་ཚོགས་པའི་ཉིས་སྟོང་བཅོ་བརྒྱད་པའི་བྱ་བར་ཁས་ལེན་གང་ལེགས་མཛད་པར་མ་ཟད་ཉིས་སྟོང་བཅུ་དགུ་ལོའི་བྱ་བར་རེ་བ་བཏོན། ཁོང་གིས་བསྟན་དོན། ཆོས་ལུགས་ཚོགས་པ་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཀྲུང་གུང་ཀྲུང་དབྱང་གི་ཆོས་ལུགས་བྱ་བའི་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ནན་ཏན་སྒོས་དངོས་འབེབས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབ་དགོས་པ་དང་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་གནས། སྤྱི་ཚོགས་འཆམ་མཐུན་སྲུང་སྐྱོབ་བྱེད་དགོས། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པ་གོ་སྐབས་སུ་བཟུང་སྟེ་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བ་དང་། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ལ་སྣེ་ཁྲིད་དེ་ཡང་དག་པའི་ལོ་རྒྱུས་ལྟ་བ་དང་མི་རིགས་ལྟ་བ། རྒྱལ་ཁབ་ལྟ་བ། རིག་གནས་ལྟ་བ་བཅས་ཆགས་པར་བྱེད་དགོས་ལ། ཆོས་ལུགས་རང་སྟེང་གི་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ཟུང་དུ་སྦྲེལ་བར་བྱེད་དགོས། རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་ཆོས་ལུགས་བསམ་བློ་མ་ལག་དང་ལམ་ལུགས་ཚད་ལྡན། གུས་སྲོལ་མཛད་སྒོ་སོགས་ཕྱོགས་སུ་ཧུར་ཐག་སྒོས་འཚོལ་ཞིབ་བྱེད་པ་དང་ཉམས་མྱོང་བཟང་བོ་དང་སྒྲུབ་སྟངས་གསར་བ་སྤྱི་བསྡོམས་དང་ཁྱབ་གདལ་དུ་གཏོང་དགོས། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ལ་སྣེ་ཁྲིད་དེ་རང་རྟོགས་སྒོས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་ཟིལ་སྲུང་སྐྱོབ་བྱེད་པ་དང་། རང་རྟོགས་སྒོས་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་མཐུན་པའི་ཁྱབ་ཁོངས་སུ་བྱ་འགུལ་སྤེལ་བར་མ་ཟད། བློ་ཐག་རྦད་ཆོད་སྒོས་ཆོས་ལུགས་ལ་བརྟེན་ནས་སྤེལ་བའི་ཁྲིམས་འགལ་བྱ་འགུལ་ཡོད་ཚད་གཏན་འགོག་དང་དེ་ལ་ངོ་རྒོལ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།