ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་མིང་འདོན་དཔྱད་འདེམས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་བཀྲམ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་མིང་འདོན་དཔྱད་འདེམས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད། (གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)

《བརྡ་ཐོའི》ནང་འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བའི་ལོ་ཞིག་ཡིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་རྒྱུའི་ཧུར་བརྩོན་རང་བཞིན་འཕེལ་བར་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་འབད་འཐབ་ལྷོད་མེད་བཅས་བྱ་ཆེད། ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་དཔྱད་འདེམས་དང་སྤྲོད་པའི་བྱེད་སྒོ་ཐོག་མར་སྤེལ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཛུགས་སྐྲུན་དང་འཕེལ་རྒྱས་ཆེད་ཕུལ་བྱུང་ལེགས་སྐྱེས་འབུལ་མཁན་དང་དཔེ་བཟང་མི་སྣ་ཁག་གཅིག་ལ་གཟེངས་བསྟོད་གཟབ་རྒྱས་བྱ་རྒྱུའི་གཏན་འབེབས་གནང་བ་རེད།

《བརྡ་ཐོ》ནང་མིང་འདོན་མི་འདེམས་ཀྱི་ཁྱབ་ཁོངས་དང་ཆ་རྐྱེན་ཁ་གསལ་བཏོན་ཡོད། མིང་འདོན་མི་འདེམས་ཀྱི་ཁྱབ་ཁོངས་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན། ས་ཁུལ་ཁག་དང་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཛུགས་སྐྲུན་དང་འཕེལ་རྒྱས་ཆེད་ཕུལ་བྱུང་ལེགས་སྐྱེས་འབུལ་མཁན་མི་སྒེར་ཡིན་པ་དང་། ཤང་ཀང་དང་། ཨའོ་མོན། ཐའེ་དབན་དང་ཕྱིར་སྡོད་མི་སྣ་དང་ཕྱི་རྒྱལ་བ་ཚུད་ཡོད། ཆ་རྐྱེན་དང་མཐུན་པའི་འདས་པོ་མིང་འདོན་བྱེད་ཆོག མིང་འདོན་ཆ་རྐྱེན་ཐད་བྱས་རྗེས་གཟི་བརྗིད་མཚན་སྙན་གྱི་རིགས་མི་འདྲ་བ་གཞིར་བཟུང་ཧེ་བག་མི་འདྲ་བ་ཡོད། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”ཀྱི་མིང་འདོན་མི་འདེམས་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཛུགས་སྐྲུན་དང་འཕེལ་རྒྱས་ནང་ལེགས་སྐྱེས་ཆེན་པོ་ཕུལ་མཁན་དང་། ཕུལ་བྱུང་བྱས་རྗེས་འཇོག་མཁན། ཀུན་སྤྱོད་བཟང་བ། མང་ཚོགས་ཀྱིས་ཁས་ལེན་བྱེད་པ་བཅས་ཀྱི་ཕུལ་བྱུང་མི་སྣ་ཡིན་དགོས། “མཛའ་གྲོགས་བྱས་རྗེས་གཟེངས་རྟགས”ཀྱི་མིང་འདོན་མི་འདེམས་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་དང་ཀྲུང་ཕྱིའི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་མཁན་དང་། འཛམ་གླིང་ཞི་བདེ་སྲུང་སྐྱོང་ཆེད་ཕུལ་བྱུང་ལེགས་སྐྱེས་ཕུལ་མཁན། ཀྲུང་གོར་ཡུན་རིང་གི་འགྱུར་མེད་མཛའ་གྲོགས་བཅངས་མཁན། སྤྱི་ཚོགས་ཐོག་མཚན་སྙན་ལེགས་པའི་ཕྱི་རྒྱལ་བ་བཅས་ཡིན་དགོས། རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་མིང་འདོན་མི་འདེམས་ནི་དཔལ་འབྱོར་དང་། སྤྱི་ཚོགས། རྒྱལ་སྲུང་། ཕྱི་འབྲེལ། སློབ་གསོ། ཚན་རྩལ། རིག་གནས། འཕྲོད་བསྟེན། ལུས་རྩལ་སོགས་ཁྱབ་ཁོངས་ཁག་དང་ལས་རིགས་ཁག་ནང་ལེགས་སྐྱེས་གལ་ཆེན་ཕུལ་མཁན་དང་སྙན་གྲགས་ཆེན་པོ་ལྡན་པ་དང་། བསམ་བློ་ཀུན་སྤྱོད་བཟང་བ། མང་ཚོགས་ཀྱི་ཁས་ལེན་བྱེད་པ་བཅས་ཀྱི་ཕུལ་བྱུང་མི་སྣ་ཡིན་དགོས་པ་བཅས་རེད།

《བརྡ་ཐོའི》ནང་མིང་འདོན་དཔྱད་འདེམས་ཀྱི་གོ་རིམ་ཁ་གསལ་བཏོན་ཡོད་ལ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་བཀོད་སྒྲིག་ཞིབ་ཚགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་དང་གཟི་བརྗིད་མཚན་སྙན་གཟེངས་བསྟོད་ལས་དོན་ཨུ་ལྷན་གྱིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་མིང་འདོན་དཔྱད་འདེམས་ལས་དོན་སྒྲིག་འཛུགས་འགོ་ཁྲིད་ཀྱི་འགན་འཁུར་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱིས་འགན་འཁྲི་ཏན་ཏིག་འཁུར་བ་དང་སྒྲིག་འཛུགས་ལག་བསྟར་ཞིབ་ཚགས་བྱས་ནས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པའི་ཐོག་ནས་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་དགོས། ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་བྱས་ནས་མིང་འདོན་མི་འདེམས་སྔོན་ཐོན་རང་བཞིན་དང་། ཚབ་བྱེད་རང་བཞིན། དུས་རབས་རང་བཞིན་བཅས་འགན་ལེན་བྱེད་དགོས། ཕྱོགས་ཡོངས་ནས་མིང་འདོན་མི་འདེམས་ཀྱི་དུས་རྒྱུན་རྣམ་འགྱུར་ལ་དཔྱད་ཞིབ་བྱས་ནས་ལེགས་སྐྱེས་དངོས་འབུལ་མིན་དེ་ཤན་འབྱེད་ཀྱི་ཚད་གཞི་གལ་ཆེན་ལ་བརྩི་བ་དང་ཡོངས་བསྒྲགས་དང་། གཞུང་དྲང་། དྲང་བདེན་བཅས་མཐའ་འཁྱོངས་དང་། མང་ཚོགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས། དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ། ཕྱོགས་ཁག་གི་བསམ་འཆར་རྒྱ་ཁྱབ་ངང་ཉན་པ་བཅས་བྱས་ཏེ་ལེགས་པའི་ནང་ནས་ཕུལ་བྱུང་འདེམས་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།