ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྗེས་དྲན་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་ཞུགས་ནས་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1123973832_15471217877731n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྗེས་དྲན་ཞུ་བའི་སྣེ་ལེན་ཚོགས་འདུ་ཚེས་བཅུ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ། 

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ལོ་ངོ་བཞི་བཅུའི་སྔོན་ལ། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་རྐང་འཛུགས་སར་བརྩིས་ཏེ། འཐབ་ཇུས་ཀྱི་གཟིགས་རྒྱང་རིང་པོ་དང་ཆབ་སྲིད་ཀྱི་སྙིང་སྟོབས་ཆེན་པོར་བརྟེན་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་བ་འཛུགས་པའི་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་བྱས་ནས། ལོ་རྒྱུས་ཀྱི་ཤོག་ལྷེ་གསར་བ་ཞིག་ངང་གིས་ཕྱེས། དུས་ཡུན་ལོ་ངོ་བཞི་བཅུའི་རིང་གི་འབྲེལ་བར་ཕྱིར་མིག་ཅིག་འཕངས་ན། དཀའ་ངལ་ཅི་ཡོད་གདོང་གིས་བསུས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་ཆེན་པོ་བླངས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ཆེན་པོ་བསྐྲུན་པ་ལས་གཞན། འཛམ་གླིང་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ལ་སྟོབས་ཤུགས་ཅི་ཡོད་འདོན་སྤྲོད་བྱས་ཡོད་ཟེར།

 ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་ཁཱ་ཐི་ཡིས་རྟེན་འབྲེལ་ཞུ་ཡིག་བཏང་ནས་བསྟན་དོན། ཨ་མེ་རི་ཁ་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་མཉམ་དུ་མ་འོངས་པ་གསར་གཏོད་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་མིའི་རིགས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།