ལིས་ཁི་ཆང་གིས་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། 

མཆན་བཀོད་མཛུབ་སྟོན་གནང་བསྟན་དོན། བདེ་འཇགས་ཐོན་སྐྱེད་བྱ་བ་ནི་དཔལ་འབྱོར་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་མི་དམངས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་པ་འགན་སྲུང་བྱེད་པའི་དོན་ཆེན་ཞིག་ཡིན། ཉིས་སྟོང་བཅོ་བརྒྱད་ལོར་ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཏེ། བདེ་འཇགས་ཐོན་སྐྱེད་འགན་འཁྲི་ལམ་ལུགས་ནན་ཏན་སྒོས་དངོས་འབེབས་བྱས་པ་དང་བདེ་འཇགས་ཐོན་སྐྱེད་དོན་རྐྱེན་ཚབས་ཆེན་འགོག་སྲུང་བྱས་པ་སོགས་ཀྱི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། ལོ་གསར་བའི་ནང་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། བདེ་འཇགས་བྱ་བར་གཙིགས་འཛིན་བྱེད་པ་དང་བདེ་འཇགས་འཕེལ་རྒྱས་འདུ་ཤེས་ཆགས་པར་བྱེད་དགོས་ལ། བདེ་འཇགས་ཉེན་ཁ་ཚབས་ཆེན་འགོག་སྲུང་དང་ཞི་འཇགས་སུ་གཏོང་བ་དང་དོན་རྐྱེན་ཚབས་ཆེན་གཏན་འགོག་བྱེད་པ་གཙོར་བཟུང་ནས་འཕྲལ་སྒྲུབ་ཁ་གཏད་བྱེད་ཐབས་དང་ཐབས་ཇུས། བཀོད་འདོམས་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། གཞུང་ལམ་འགྲིམ་འགྲུལ་དང་རྫས་འགྱུར་བཟོ་ལས་སོགས་ལས་རིགས་གཙོ་བོའི་ཁྱབ་ཁོངས་སུ་ཆེད་དོན་དག་ཐེར་བཅོས་སྐྱོང་བྱེད་དགོས་ལ། བདེ་འཇགས་ཉེན་ཁར་ཁྱོན་ཡོངས་ནས་ཞིབ་བཤེར་དང་གཙང་སེལ་བྱེད་པ་དང་གནོད་འགོག་རྒུད་སྐྱོབ་ནུས་པ་སྔར་ལས་ཇེ་ཆེར་གཏོང་དགོས་པར་མ་ཟད། ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་གཙོ་གཞིའི་འགན་འཁྲི་དང་ལས་ཁུངས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་དངོས་འབེབས་བཟང་བོ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གསར་བ་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།