ཀྲུང་གོ་བོད་ཀྱི་དྲ་བ།

པེ་ཡང་ཏེན་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་སྲུང་སྐྱོབ་བྱེད་པའི་ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་སོ་ལྔ་ལོའི་བར་གྱི་འཆར་འགོད་དངོས་སུ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་འཐད་པ་བྱུང་བ་བརྒྱུད། ཧི་པེ་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཉེ་ལམ་པེ་ཡང་ཏེན་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་སྲུང་སྐྱོབ་བྱེད་པའི་ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་སོ་ལྔ་ལོའི་བར་གྱི་འཆར་འགོད་དངོས་སུ་འགྲེམ་སྤེལ་བྱས། འཆར་འགོད་ལས་པེ་ཡང་ཏེན་སྐྱེ་ཁམས་བར་སྟོང་འཛུགས་སྐྲུན་དང་སྐྱེ་ཁམས་ཆུ་བཀོལ་འགན་སྲུང་། བཞུར་རྒྱུན་ཕྱོགས་བསྡུས་བཅོས་སྐྱོང་། ཆུའི་བཙོག་བཟོ་བཅོས་སྐྱོང་། ཏེན་ཁུལ་སྐྱེ་ཁམས་སླར་གསོ། སྐྱེ་ཁམས་སྲུང་སྐྱོབ་དང་བཀོལ་སྤྱོད། སྐྱེ་ཁམས་ཁོར་ཡུག་དོ་དམ་གསར་སྐྲུན་སོགས་ཀྱི་ཐད་ལ་ཁྱོན་ཡོངས་ནས་འཆར་འགོད་བྱས་ཡོད། ཉིས་སྟོང་ཉེར་གཉིས་ལོའི་བར་དུ་པེ་ཡང་ཏེན་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་དགོས་པ་དང་སྐྱེ་ཁམས་སྤུས་ཚད་རིམ་བཞིན་སླར་གསོ་བྱེད་དགོས་ལ། ཉིས་སྟོང་སོ་ལྔ་ལོའི་བར་དུ་པེ་ཡང་ཏེན་ཕྱོགས་བསྡུས་བཅོས་སྐྱོང་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱེད་པ་དང་ཏེན་ཁུལ་སྐྱེ་ཁམས་ཁོར་ཡུག་རྩ་བ་ནས་ལེགས་བཅོས་བྱེད་དགོས། དུས་རབས་འདིའི་དུས་དཀྱིལ་བར་དུ་ཏེན་ཁུལ་གྱི་ཆུའི་སྤུས་ཚད་དེ་གཏན་འཁེལ་བྱས་བའི་ཚད་གཞི་ལ་བསླེབས་པར་བྱེད་པ་དང་ཏེན་ཁུལ་གྱི་སྐྱེ་ཁམས་མ་ལག་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་ནུས་པ་སྔར་ལས་ཇེ་ཆེར་གཏོང་བར་མ་ཟད་པེ་ཡང་ཏེན་སྐྱེ་ཁམས་སླར་གསོའི་ལས་འགན་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱེད་དགོས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།