ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ལིས་ཁི་ཆང་གཉིས་ཀྱིས་སོ་སོར་ཨུ་རི་སིའི་མཱ་ཀི་ཉི་ཐོ་ཀི་ཨར་སི་ཁི་གྲོང་ཁྱེར་སྡོད་དམངས་ཐོག་ཁང་གི་སོལ་རླངས་འགས་གཏོར་ལས་མི་སྣར་ཤི་རྨས་ཚབས་ཆེན་བྱུང་བའི་ཐད་ནས་ཙུང་ཐུང་ཕུའུ་ཅིན་དང་ཙུང་ལི་མེ་ཏི་ཝེ་ཅི་ཧྥུའུ་གཉིས་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དང་པོའི་ཚེས་གཉིས་ཉིན་ཨུ་རི་སིའི་མཱ་ཀི་ཉི་ཐོ་ཀི་ཨར་སི་ཁི་གྲོང་ཁྱེར་སྡོད་དམངས་ཐོག་ཁང་གི་སོལ་རླངས་འགས་གཏོར་ལས་མི་སྣར་ཤི་རྨས་ཚབས་ཆེན་བྱུང་བའི་ཐད་ནས་ཙུང་ཐུང་ཕུའུ་ཅིན་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།  ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་བསྟན་དོན། ཁྱེད་རྒྱལ་ཁབ་ཀྱི་མཱ་ཀི་ཉི་ཐོ་ཀི་ཨར་སི་ཁི་གྲོང་ཁྱེར་གྱི་སྡོད་དམངས་ཐོག་ཁང་ཞིག་ལ་སོལ་རླངས་འགས་གཏོར་བྱུང་ནས་མི་སྣར་ཤི་རྨས་ཚབས་ཆེན་དང་རྒྱུ་ནོར་གྱི་གྱོང་གུན་ཐེབས་པ་གོ་བས། ངས་འདི་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས། ང་རང་ཉིད་བཅས་ཀྱི་མིང་ཐོག་ནས་འདས་པོ་རྣམས་ལ་སེམས་གཏིང་ནས་མྱ་ངན་དང་། རྨས་མ་དང་འདས་པོའི་ཁྱིམ་མིར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན། ཏག་ཏག་སྐབས་འདི་ལ་མྱུར་སྐྱོབ་བྱ་བ་སྣ་ཚོགས་མུ་མཐུད་དུ་བྲེལ་འཚུབ་ངང་སྤེལ་བཞིན་པའི་སྒང་ཡིན་ལ། སྐུ་ཞབས་ཙུང་ཐུང་ལགས་ཀྱི་འགྱུར་མེད་འགོ་ཁྲིད་འོག་ཏུ་ཐེངས་འདིའི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ལེགས་པོ་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར། 

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྱང་ཨུ་རི་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་ལ་འཚམས་འདྲིའི་གློག་འཕྲིན་བཏང་སྟེ། འདས་པོ་རྣམས་ལ་སེམས་གཏིང་ནས་མྱ་ངན་ཞུས་པར་མ་ཟད། འདས་པོའི་ཁྱིམ་མི་ཡོངས་ལ་ཆེད་དུ་འཚམས་འདྲི་ཞུས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།