ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སར་ཟློས་གར་དགོང་ཚོགས་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2019ལོའི་ལོ་སར་ཟློས་གར་དགོང་ཚོགས་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་རྒྱལ་ཁབ་ཟློས་གར་ཁང་ཆེན་མོའི་ནང་བསྡུས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིན། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲིན་སོགས་ཀྱིས་རྒྱལ་སའི་མང་ཚོགས་སྟོང་ཙམ་དུ་མཉམ་དུ་འཁྲབ་སྟོན་ལ་བལྟས་ནས། ལོ་སར་ལ་བསུ་མ་བྱས།

དགོང་མོའི་དུས་ཚོད་བདུན་དང་སྐར་མ་ཞེ་ལྔའི་སྟེང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དགོང་ཚོགས་ཡུལ་དངོས་སུ་ཕེབས་ནས། འཁྲབ་སྟོན་ལ་བལྟ་རུ་ཡོང་བའི་སྒྱུ་རྩལ་རྒན་པ་ཚོ་དང་ལག་འཇུ་བྱས་ནས་འཚམས་འདྲི་མཛད་པ་དང་། ཟློས་གར་ཁང་དུ་ཐལ་མོ་རྡེབ་སྒྲའི་ཁེངས།

སྒྱུ་རྩལ་པ་མིང་གྲགས་ཅན་མང་པོ་འཁྲབ་སྟོན་ལ་ཞུགས་ཡོད་པ་དང་། དགོང་ཚོགས་ཀྱིས་སྲོལ་རྒྱུན་གྱི་ཟློས་གར་དང་ཉེ་བའི་ལོ་འགའི་རིང་གི་གསར་རྩོམ་ཕན་ཚུན་ཟུང་འབྲེལ་བྱས་ནས། དུས་རབས་གསར་བའི་ཀྲུང་གོའི་ཟློས་གར་པ་ཚོས་དངོས་ཡོད་བརྗོད་བྱའི་བརྩམས་ཆོས་གསར་རྩོམ་ལ་དོ་སྣང་བྱེད་པ་དང་མི་དམིངས་གཙོར་བྱས་པའི་ཁ་ཕྱོགས་མཚོན་པར་བྱས་ཡོད།

པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་བློ་མཐུན་སྐོར་ཞིག་དང་རྒྱལ་སྲིད་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་བློ་མཐུན་སྐོར་ཞིག འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་ཀྱིས་མཉམ་དུ་འཁྲབ་སྟོན་ལ་བལྟས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།