ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས《སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ལས་དོན་སྲོལ་ཡིག》བཀྲམ་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས《སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ལས་དོན་སྲོལ་ཡིག》བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དེ་གཞིར་བཟུང་ལག་བསྟར་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

སྲོལ་ཡིག་ནང་བསྟན་དོན། དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། ཏང་གིས་སྤྱི་ཚོགས་རིང་ལུགས་སློབ་གླིང་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་རིང་ལུགས་སློབ་གླིང་ལས་དོན་གྱི་ཚན་རིག་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ལ་སྐུལ་འདེད་གཏོང་ཆེད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང་། 《ཀྲུང་གོ་གུང་ཁྲན་ཏང་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》《ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་གྱི་སྲོལ་ཡིག》སོགས་ཏང་ནང་ཁོངས་ཀྱི་ཁྲིམས་སྲོལ་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལས་པའི་བཅའ་ཁྲིམས》སོགས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་གཞིར་བཟུང་སྲོལ་ཡིག་དེ་བཟོས་པ་རེད།

སྲོལ་ཡིག་ནང་ནན་བཤད་བྱས་དོན། སྤྱི་ཚོགས་རིང་ལུགས་སློབ་གླིང་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་འཐབ་ཕྱོགས་གཅིག་གྱུར་ངོ་བོའི་ཆབ་སྲིད་སློབ་གླིང་དང་། དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་མཉམ་འབྲེལ་ཏང་གི་སློབ་གྲྭ འཐབ་ཕྱོགས་གཅིག་གྱུར་གྱི་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྐྱོང་གི་གཡུལ་ས་གཙོ་བོ། ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྤེལ་བའི་སྡེ་ཚན་གལ་ཆེན། ཏང་དང་རྒྱལ་ཁབ་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་མ་ལག་གི་གྲུབ་ཆ་གལ་ཆེན་བཅས་ཡིན་པ་རེད།

སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། འཐབ་ཕྱོགས་གཅིག་གྱུར་གྱི་ཤེས་ལྡན་མི་སྣའི་གསོ་སྐྱོང་རྟེན་གཞི་དང་། རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་རྟེན་གཞི། མཛད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་ཀྱི་རྟེན་གཞི་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་འབུལ་དགོས།

སྤྱི་ཚོགས་རིང་ལུགས་སློབ་གླིང་གིས་གཤམ་གྱི་ལས་ཀའི་མཛད་ཕྱོགས་མཐའ་འཁྱོངས་བྱེད་དགོས་པ་སྟེ།

(གཅིག) ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཡང་དག་པའི་སློབ་གཉེར་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་དགོས་པ་དང་།(གཉིས) ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་གསོ་སྦྱོང་འབུར་དུ་ཐོན་པ་དང་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་ཆེ་རུ་བཏང་ནས་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞི་བརྟན་དུ་གཏོང་དགོས་པ།(གསུམ) རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བསམ་བློ་བཅིངས་འགྲོལ་དང་སྒྱུར་བཅོས་གསར་གཏོད་བྱེད་དགོས་པ།(བཞི) མཉམ་འབྲེལ་སློབ་གཉེར་དང་སྒོ་དབྱེའི་སློབ་གཉེར་མཐའ་འཁྱོངས་ཀྱིས་སྤུས་ལེགས་ཀྱི་ཐོན་ཁུངས་བསྡུ་འགྲིལ་བྱས་ནས་སློབ་གཉེར་སྤུས་ཚད་མཐོ་རུ་གཏོང་དགོས་པ། (ལྔ) སློབ་གླིང་ནན་པོས་སྐྱོང་རྒྱུ་དང་། སློབ་ཁྲིད་ནན་པོ་བྱེད་པ། སློབ་སྦྱོང་ནན་པོ་བྱེད་པ་བཅས་མཐའ་འཁྱོངས་བྱེད་དགོས་པ་བཅས་རེད།

སྤྱི་ཚོགས་རིང་ལུགས་སློབ་གླིང་གི་གདམ་ཚིག་ནི་རྒྱལ་གཅེས་དང་། མཐུན་སྒྲིལ། དམངས་གཙོ། བདེན་འཚོལ་བཅས་ཡིན།

སྲོལ་ཡིག་ནང་ད་དུང་སྤྱི་ཚོགས་རིང་ལུགས་སློབ་གླིང་འཛུགས་པ་དང་། འགོ་ཁྲིད་ཀྱི་སྒྲིག་སྲོལ། འཛིན་གྲྭའི་རིམ་པ། སློབ་ཡུན། སློབ་ཁྲིད་ལས་དོན། ཚན་ཞིབ་ལས་དོན། ཀྲུང་ཧྭའི་རིག་གནས་སློབ་གསོ། ཞིབ་འཇུག་དང་ཕྱི་ཕྱོགས་སྤེལ་རེས་ལས་དོན། སློབ་མའི་དོ་དམ། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་དང་དཔུང་ཁག་འཛུགས་སྐྱོང་། སློབ་གཉེར་འགན་ལེན། ལག་བསྟར་དང་ལྟ་སྐུལ་བཅས་ཐད་ཞིབ་ཕྲའི་བླང་བྱ་བཏོན་པ་རེད།

སྲོལ་ཡིག་དེ2018ལོའི་ཟླ12ཚེས22ཉིན་ནས་བཟུང་ལག་བསྟར་བྱས་པ་དང་། 2003ལོའི་ཟླ11ཚེས27ཉིན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་བཀྲམ་པའི《སྤྱི་ཚོགས་རིང་ལུགས་སློབ་གླིང་ལས་དོན་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག》དུས་གཅིག་ཏུ་མེད་པར་བཟོས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།