ཀྲུང་གོ་བོད་ཀྱི་དྲ་བ།

ཟླ1པོ་ནས11པའི་བར་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་དུས་མཚུངས་ལས6.5%འཕར་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2018-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ཟླ་བཅུ་གཅིག་པར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར10775ཟིན་པ་དེ་དུས་མཚུངས་ལས5.4%ཆག་ནས་དཔྱ་ཁྲལ་ཆག་ཡང་གི་ཕན་འབྲས་མངོན་གསལ་དོད་དུ་འགྲོ་ཚུལ་མངོན་ཡོད། ཟླ1པོ་ནས་ཟླ11པའི་བར་རིམ་རྩིས་བྱས་པ་ལྟར་ན། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར172333ཟིན་པ་དེ་དུས་མཚུངས་ལས6.5%འཕར་བ་དང་། དེའི་ཁྲོད་ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར82167ཟིན་པ་དེ་དུས་མཚུངས་ལས6.2%འཕར་བ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་རིམ་པ་དེ་གའི་ཡོང་འབབ་སྒོར་དུང་ཕྱུར90166ཟིན་པ་དེ་དུས་མཚུངས་ལས6.9%འཕར་ཡོད། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ལས་ཁྲལ་འབབ་སྒོར་དུང་ཕྱུར149001ཟིན་པ་དེ་དུས་མཚུངས་ལས9.5%འཕར་བ་དང་། ཁྲལ་མིན་ཡོང་འབབ་སྒོར་དུང་ཕྱུར23332ཟིན་པ་དེ་དུས་མཚུངས་ལས9.1%ཆག་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།