ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཕ་ན་མ་གྲོང་ཁྱེར་དུ་ཐོན་ནས་ཕ་ན་མ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་དེའི་ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཕ་ན་མ་གྲོང་ཁྱེར་དུ་ཐོན་ནས། ཕ་ན་མ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས།

ས་དེའི་དུས་ཚོད་ཉི་ཤུ་ཡས་མས་སྟེང་། ཞི་ཅིན་ཕིང་བཞུགས་པའི་ཆེད་བཏང་གནམ་གྲུ་ཕ་ན་མ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་དལ་གྱིས་གནམ་གྲུའི་སྒོ་ལས་བུད་པ་ན། ཕ་ན་མའི་ཙུང་ཐུང་ཕ་ལེ་ལཱ་དང་ལྕམ་མོ་ཁ་སི་ཏེ་ལུའེ་གཉིས་ཀྱིས་གནམ་གྲུའི་སྐས་འགྲམ་ནས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བཟའ་ཟླས་ཕན་ཚུན་ལ་ཕྱག་འཇུ་གནང་ནས་འཚམས་འདྲི་ཞུས། གུས་ལུགས་དམག་མི་ས་གདན་དམར་པོའི་འགྲམ་གཉིས་ནས་ཀྲོང་ངེར་ལངས་ཡོད།

ཕ་ལེ་ལཱ་ཡིས་གནམ་གྭ་ཐང་ནས་ཞི་ཅིན་ཕིང་ལ་གཟབ་རྒྱས་ཆེ་བའི་དགའ་བསུའི་མཛད་སྒོ་བསྡུས།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བཟའ་ཟླ་ས་གདན་དམར་པོ་བརྒྱུད་ནས་གཟིགས་བཤེར་སྟེགས་བུའི་སྟེང་ཕེབས། དམག་དཔུང་རམ་དཀྲོལ་རུ་ཁག་གིས་ཀྲུང་གོ་དང་ཕ་ན་མ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། ཞི་ཅིན་ཕིང་གིས་པ་ལེ་ལཱ་ཡིས་འགྲོ་རོགས་འོག་གཟབ་སྦྲེངས་རུ་ཁག་ལ་གཟིགས་བཤེར་མཛད།

ཞི་ཅིན་ཕིང་གིས་གསུངས་བཤད་གནང་སྐབས་ནན་གྱི་བསྟན་དོན། འདི་ནི་ང་ཐོག་དང་པོར་ཕ་ན་མ་ལ་འཚམས་འདྲིར་ཡོང་བ་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་ལོ་རྒྱུས་སྟེང་ཐོག་དང་པོར་ཕ་ན་མ་ལ་འཚམས་འདྲི་བྱས་པ་ཡིན། ངས་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ཏེ་ཕ་ན་མའི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་ཡིན། ལོ་གཅིག་དང་ཕྱེད་ཀའི་སྔོན་ལ། ཀྲུང་གོ་དང་ཕ་ན་མས་ཀྲུང་གོ་གཅིག་གི་རྩ་དོན་གྱི་རྨང་གཞིའི་སྟེང་དངོས་སུ་འབྲེལ་བ་བཙུགས་ནས། ཀྲུང་གོ་དང་ཕ་ན་མའི་ལོ་ངོ་བརྒྱ་དང་དྲུག་ཅུའི་རིང་གོ་འགྲོ་འོང་ལོ་རྒྱུས་ཀྱི་སྒོ་འཕར་གསར་པ་ཕྱེས། ཀྲུང་གོ་དང་ཕ་ན་མའི་བར་འབྲེལ་བ་བཙུགས་རྗེས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་ཆེན་པོ་བྱུང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། དོན་དངོས་ལས་ཀྲུང་གོ་དང་ཕ་ན་མའི་བར་འབྲེལ་བ་བཙུགས་པ་ནི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཡུན་རིང་གི་ཁེ་ཕན་དང་མཐུན་ལ། ཀྲུང་གོ་དང་ཕ་ན་མའི་མཉམ་ལས་ལ་སྦས་ཤུགས་ཆེན་པོ་ལྡན་པ་ར་སྤྲོད་བྱུང་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ངས་འཚམས་འདྲིའི་སྐབས་སུ་ཙུང་ཐུང་ཕ་ལེ་ལཱ་དང་གྲོས་མོལ་བྱས་ཏེ། ཀྲུང་གོ་དང་ཕ་ན་མའི་འབྲེལ་བ་ཡུན་རིང་གོང་འཕེལ་དུ་གཏོང་བར་འཆར་འགོད་བྱེད་པ་དང་། གཉིས་ཕན་མཉམ་ལས་ལ་སྐུལ་འདེད་དང་ཐུན་མོང་འཕེལ་རྒྱས་ལ་ཡར་སྐུལ་བྱས་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་རེ་སྒུག་བྱས་ཡོད་ཟེར།

ཏེན་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥེང་སོགས་ཞི་ཅིན་ཕིང་དང་མཉམ་དུ་ཕ་ན་མ་ལ་ཐོན།

ཕ་ན་མ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝེ་ཆང་ཡང་གནམ་གྲུ་ཐང་དུ་བསུ་མར་ཐོན།

ཞི་ཅིན་ཕིང་གིས་ཨ་ཀེན་ཐིན་ལ་རྒྱལ་དོན་འཚམས་འདྲི་མཛད་ཚར་རྗེས་ཕ་ན་མ་ལ་ཕེབས་པ་རེད།

ཕ་ན་མ་ནི་ཞི་ཅིན་ཕིང་གི་ཐེངས་འདིའི་འཚམས་འདྲིའི་འགྲུལ་བཞུད་ཀྱི་ས་ཚིགས་གསུམ་པ་ཡིན་ལ། ཁོང་གིས་ད་དུང་ཕུའུ་ཐའོ་ཡ་ལ་རྒྱལ་དོན་འཚམས་འདྲི་མཛད་རྒྱུ་རེད།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།