ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཡུན་ནན་ཞིང་ཆེན་གྱིས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་ཡར་སྐུལ་བཅའ་ཁྲིམས་གཏན་འཁེལ་བྱེད་པའི་ཐད་ནས་ཁྲིམས་འཛུགས་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་ནས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཡུན་ནན་ཞིང་ཆེན་གྱི་ཁུན་མེན་གྲོང་ཁྱེར་དང་ཏི་ཧོང་ཀྲིག པོ་ཧྲན་གྲོང་ཁྱེར་བཅས་ཀྱིས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་ཡར་སྐུལ་བཅའ་ཁྲིམས་གཏན་འཁེལ་བྱེད་པའི་ཐད་ནས་ཁྲིམས་འཛུགས་རྟོག་ཞིབ་མཛད། 

ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་ནས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཡུན་ནན་ཞིང་ཆེན་གྱི་ཁུན་མེན་གྲོང་ཁྱེར་དང་ཏི་ཧོང་ཀྲིག པོ་ཧྲན་གྲོང་ཁྱེར་བཅས་ཀྱིས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་ཡར་སྐུལ་བཅའ་ཁྲིམས་གཏན་འཁེལ་བྱེད་པའི་ཐད་ནས་ཁྲིམས་འཛུགས་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་མི་དམངས་མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་དགོས་མཁོར་དམིགས་ཏེ། དམངས་ཚིས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་འཐུས་ཚང་ཡིན་པའི་ཁྲིམས་སྐྱོང་ལ་བརྟེན་ནས་མི་དམངས་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་པ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཟེར།

ཡུན་ནན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་སུ་ལིས་ཀྲན་ཧྲུའུ་ཡིས་ཆེད་དུ་རིམ་པ་སོ་སོའི་དམངས་ཆེན་འཐུས་མི་བཅུ་གདན་དྲངས་ཏེ་བཞུགས་མོལ་མཛད་ནས་ཁོ་ཚོས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་ཡར་སྐུལ་བཅའ་ཁྲིམས་འཆར་ཟིན་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན། ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་ཡར་སྐུལ་བཅའ་ཁྲིམས་གཏན་འཁེལ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་ཐང་ཀྲུང་གོའི་འཐབ་ཇུས་ཐད་གནང་བའི་རྒྱས་བཤད་གལ་ཆེན་ལ་ནན་ཏན་སྒོས་སློབ་སྦྱོང་བྱས་ཏེ། འཕྲོད་བསྟེན་དང་བདེ་ཐང་སྐོར་གྱི་འདུ་ཤེས་ཆགས་པར་བྱེད་པ་དང་མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་པ་གཙོར་བཟུང་ནས་དོ་མཉམ་དང་ལུགས་མཐུན། ཚན་རིག་དང་མཐུན་པའི་སྒོ་ནས་སྨན་བཅོས་ཐོན་ཁུངས་སྒྲིག་སྦྱོར་དང་བཀོད་སྒྲིག་བྱེད་པ་དང་། རིམ་པ་སོ་སོའི་རིགས་མི་འདྲ་བའི་སྨན་བཅོས་ཐོན་ཁུངས་ཕྱོགས་བསྡུས་བཀོལ་སྤྱོད་དང་མཉམ་སྤྱོད་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་ནས། ཁྱོན་ཡོངས་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པར་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་དབུལ་ཐར་མཁྲེགས་གཏོར་བྱ་བར་ཧ་ཅང་སེམས་ཁུར་བྱེད་ཀྱིན་ཡོད། ཁོང་ཉིད་རྒྱལ་མཚམས་གྲུ་ཁར་ཕེབས་ཏེ་ཀྲུང་གོ་དང་འབར་མའི་དཔལ་འབྱོར་ཉོ་ཚོང་མི་སྣ་འགྲོ་འོང་དང་རྒྱལ་ཁོངས་བརྒལ་བའི་དཔལ་འབྱོར་མཉམ་ལས་གནས་ཚུལ་ལ་རྟོག་ཞིབ་མཛད་པར་མ་ཟད། མཐའ་སྲུང་སློབ་ཆུང་གི་དགེ་རྒན་དང་བྱིས་པ་རྣམས་དང་བཞུགས་མོལ་བྱས་པ་དང་ཁོ་ཚོས་མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་དང་ཀྲུང་གོ་དང་འབར་མའི་ཁྱིམ་མཚེས་མཛའ་མཐུན་ཐད་ལ་བྱས་རྗེས་འཇོག་དགོས་པའི་སྐུལ་མ་བཏང་།།


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།