ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རུ་སི་དང་ཐུར་ཁེ། རྒྱ་གར། འཇར་པན་བཅས་ཀྱི་འགོ་གཙོ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུའུ་དབྱི་ནོ་སི་ཨེ་ལེ་སི་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏོ་ཨན། རྒྱ་གར་གྱི་ཙུང་ལི་མཱོ་ཏེ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་བཅས་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཕུའུ་ཅིན་ལ་མཇལ་འཕྲད་གནང་སྐབས་གསུངས་རྒྱུར། ཀྲུང་གོ་དང་ཨུ་རུ་སིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཕན་ཚུན་ལ་འཚམས་འདྲི་བྱེད་པའི་གོམས་སྲོལ་བཟང་བོ་སྲུང་འཛིན་བྱེད་དགོས། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་སྔར་ལས་གོང་འཕེལ་དུ་འགྲོ་ཐུབ་པར་བདག་ལ་ཡིད་ཆེས་ཡོད། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཡོ་རོབ་གླིང་དང་ཨེ་ཤ་ཡའི་མནའ་འབྲེལ་དང་འབྲེལ་མཐུད་བྱས་ཏེ་དཔལ་འབྱོར་ཉོ་ཚོང་དང་དངུལ་རྩ། ནུས་ཁུངས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་དང་གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་རྐྱེན་སྲོལ་དང་མཐུན་སྦྱོར་དམ་པོ་བྱེད་པ་དང་ཕྱོགས་སོ་སོས་རྦད་ཆོད་སྒོས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་དགོས་ལ། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྲོག་ཤིང་རིན་ཐང་དང་གཞི་རྩའི་རྩ་དོན་ལ་སྲུང་སྐྱོབ་བྱེད་པ་དང་། ཉོ་འཚོང་རང་མོས་ཅན་དང་སྟབས་བདེ་ཅན་ལ་རྒྱབ་སྐྱོར་བྱས་ནས། སྲུང་སྐྱོབ་རིང་ལུགས་དང་ཕྱོགས་གཅིག་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ཨེ་ཨར་ཏོ་ཨན་ལ་མཇལ་འཕྲད་གནང་སྐབས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། བདག་དང་ཙུང་ཐུང་རྣམ་གཉིས་ཀྱིས་འབྲེལ་འདྲིས་དམ་པོ་བྱས་ཏེ། ཀྲུང་གོ་དང་ཐུར་ཁེ་བར་གྱི་འཐབ་ཇུས་མཉམ་ལས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་མཉམ་དུ་སྣེ་ཁྲིད་བྱས། རྒྱལ་ཁབ་གཉིས་ཀྱི་ལས་ཁུངས་གཙོ་བོས་གཞོགས་འདེགས་དམ་པོ་བྱས་ཏེ། ང་ཚོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་ཧུར་ཐག་སྒོས་གྲུབ་འབྲས་ངོ་མ་ལེན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐུར་ཁེ་ཕྱོགས་དང་མཉམ་དུ་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱས་ཏེ། སྲུང་སྐྱོབ་རིང་ལུགས་དང་ཕྱོགས་གཅིག་རིང་ལུགས་ལ་མཉམ་དུ་ངོ་རྒོལ་བྱེད་པ་དང་གསར་དར་ཚོང་རའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་མཱོ་ཏེ་ལ་མཇལ་འཕྲད་གནང་སྐབས་གསུངས་རྒྱུར། དེང་སྐབས་འཛམ་གླིང་དཔལ་འབྱོར་གྱི་མདུན་དུ་ལྷགས་པའི་ཉེན་ཁ་དང་འགྲན་རྩོད་ཇེ་མང་དུ་འགྲོ་བཞིན་ཡོད། ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་ཀྱིས་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས་མཉམ་དུ་འོས་འཚམ་སྒོས་ཁ་གཏད་འཇལ་དགོས། ང་ཚོས་གསར་སྐྲུན་སྣེ་ཁྲིད་དང་བཅོས་སྒྱུར་ཟབ་སྤེལ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་རང་གི་དཔལ་འབྱོར་བརྟན་བརླིང་དང་ཅུང་མགྱོགས་པའི་སྒོ་ནས་འཕར་སྣོན་འབྱུང་བ་སྲུང་འཛིན་བྱེད་དགོས། སྲུང་སྐྱོབ་རིང་ལུགས་དང་ཕྱོགས་གཅིག་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྲོག་ཤིང་རིན་ཐང་དང་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་བར་སྟོང་དང་འཕེལ་རྒྱས་ཁེ་དབང་ལ་སྲུང་སྐྱོབ་བཟང་བོ་བྱེད་པ་དང་། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་མཉམ་སྐྲུན་བྱས་ནས། དཔལ་འབྱོར་འཛམ་གླིང་ཅན་དེ་སྔར་ལས་སྒོ་འབྱེད་དང་བཟོད་སྒོམ། ཀུན་ཕན། དོ་མཉམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་ཨན་པེ་ཅིན་སན་ལ་མཇལ་འཕྲད་གནང་སྐབས་གསུངས་རྒྱུར། གནས་བབ་གསར་བའི་འོག་ཏུ་ཀྲུང་གོ་དང་འཇར་པན་བར་གྱི་དཔལ་འབྱོར་ཉོ་ཚོང་དངོས་གཉེར་མཉམ་ལས་ལ་སྦས་ཤུགས་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་ཁ་གསབ་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་དགོས། དམངས་ཁྲོད་བར་གྱི་མཛའ་མཐུན་སྲོལ་རྒྱུན་དར་སྤེལ་བྱེད་པ་དང་མི་སྣའི་བརྗེ་རེས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བའི་སྤྱི་ཚོགས་དང་དམངས་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ཕྱོགས་ཀྱིས་སང་ལོར་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་བཟང་བོར་བསྒྲུབ་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།