ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་བཅོས་སྒྱུར་གསར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་འགའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་བཅོས་སྒྱུར་གསར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་འགའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།

བརྡ་ཐོ་ལས་རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ། དངུལ་གཏོང་ཁོར་ཡུག་བཟང་བོ་གསར་སྐྲུན་བྱེད་པ་དང་ཉོ་ཚོང་སྟབས་བདེ་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ། དངུལ་རྩའི་གསར་སྐྲུན་ཞབས་ཕྱིའི་དངོས་ཕུང་དཔལ་འབྱོར་ལ་སྐུལ་འདེད་གཏོང་བ། མི་ཤུགས་ཐོན་ཁུངས་ཁྱབ་ཁོངས་སྔོན་ལ་ཚོད་ལྟ་དང་ལག་བསྟར་བྱེད་པ་སོགས་ཀྱི་ཕྱོགས་སུ་བཅོས་སྒྱུར་འགན་གནང་དང་སྒོ་འབྱེད་ཤུགས་ཚད་ཇེ་ཆེར་གཏོང་བ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ། ཁྱད་ཆོས་གཏན་གནས་མཚོན་པར་བྱེད་པར་ཕན་ནུས་ལྡན་པའི་བྱ་བའི་བྱེད་ཐབས་ང་གསུམ་བཏོན་པ་དང་། དེས་འབྲེལ་ཡོད་བྱ་བའི་དཀའ་གནད་ཐག་གཅོད་པ་དང་རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་སྔར་ལས་འཛུགས་སྐྲུན་བྱེད་པར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་ངེས་ཡིན།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།