ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་ཉེར་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ལ་མཇལ་འཕྲད་གནང་། ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་འཇར་པན་ཕྱོགས་ཀྱི་འགོ་ཁྲིད་ཀྱི་ཐུན་མོང་སྣེ་སྟོན་འོག་ཏུ། ཀྲུང་གོ་དང་འཇར་པན་གཉིས་ཀྱི་འབྲེལ་བ་ཡང་བསྐྱར་ལེགས་ལམ་དུ་འཕེལ་ནས། རྣམ་པ་བཟང་བོ་མངོན་དུ་གྱུར་ཡོད། ཕྱོགས་གཉིས་ཀས་ལོ་རྒྱུས་ཀྱི་འགན་འཁྲི་ཇེ་དྲག་ཏུ་བཏང་ནས། ཀྲུང་གོ་དང་འཇར་པན་གཉིས་ཀྱི་ཆབ་སྲིད་ཡིག་ཆ་བཞིའི་རྨང་གཞིའི་སྟེང་དུ། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་ཆབ་སྲིད་ཐུན་མོང་ལྟ་བ་དངོས་འབེབས་དོན་འཁྱོལ་བྱེད་པ་དང་། ཞི་བདེ་མཉམ་གནས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་མཛད་དེ། མཛའ་འབྲེལ་གྱི་རྒྱུན་ཇེ་རིང་དུ་གཏོང་དགོས་པར་མ་ཟད། ཆབ་སྲིད་ཡིད་རྟོན་དང་རོགས་རེས་མཉམ་ལས་ཀྱི་རྒྱ་ཆེར་བསྐྱེད་པ། དམངས་ཁྲོད་ཀྱི་མཛའ་མཐུན་འཕེལ་རྒྱས་སུ་གཏོང་བ་བཅས་ལ་འབད་མཐར། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་དང་མིག་རྒྱང་རིང་བོའི་སྒོ་ནས་འཕེལ་བར་འབད་དགོས་ཟེར།

ཨན་པེ་ཅིན་སན་གྱིས་བསྟན་དོན། འཇར་པན་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བར་མཐོང་ཆེན་བླ་མེད་གནང་གིན་ཡོད་པར་མ་ཟད། ཀྲུང་གོ་འཕེལ་རྒྱས་འགྲོ་བཞིན་པར་དགའ་གུས་ཚད་མེད་བྱེད་ཀྱིན་ཡོད། འཇར་པན་ཕྱོགས་ཀྱིས་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་འབྲེལ་བར་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།