ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས13ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏུའུ་ཧྲང་པིའེ་མི་རིགས་ཕོ་བྲང་ནས་ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧྭི་མིན་ལ་མཇལ་འཕྲད་གནང་།

ས་དེའི་ཟླ10བའི་ཚེས13ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏུའུ་ཧྲང་པིའེ་མི་རིགས་ཕོ་བྲང་ནས་ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧྭི་མིན་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ལཱ་ཧི་མིན་ལ་གནང་བའི་འཚམས་འདྲི་བརྒྱུད་སྒྲོག་བྱས། ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ཧ་ཅང་ཟབ་པ་དང་། ཕྱོགས་གཉིས་ཀྱི་ཆབ་སྲིད་ཀྱི་ཡིད་རྟོན་ཧ་ཅང་མཐོ་ལ། ཕན་ཚུན་བར་ནམ་ཡང་བརྩི་འཇོག་དང་རྒྱབ་སྐྱོར་བྱས་ནས།  དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་ཀྱི་འཕེལ་རྒྱས་མདུན་ལྗོངས་ཧ་ཅང་རྒྱ་ཆེ། ཀྲུང་གོ་ཕྱོགས་ཀྱིས་ཐཱ་ཅི་ཁི་སི་ཐན་དང་མཉམ་དུ་མུ་མཐུད་དུ་འབད་འཐབ་བྱས་ནས། ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་དཔལ་འབྱོར་ཐད་ནས་ཁ་གསབ་རང་བཞིན་ཆེན་པོ་ལྡན་པ་དང་། ཕྱོགས་གཉིས་ཀྱིས་མཉམ་ལས་སྦས་ཤུགས་སྔོག་འདོན་བྱེད་པ། མཉམ་ལས་བྱེད་སྟངས་གསར་གཏོད་བྱེད་པ། མཉམ་ལས་ཆུ་ཚད་མཐོར་འདེགས་བཏང་སྟེ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་དངོས་ཤུགས་ལྡན་པའི་ཀྲུང་གོའི་ཁེ་ལས་ཐཱ་ཅི་ཁི་སི་ཐན་ལ་སོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་། ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཀྱང་ཚོང་གཉེར་ཁོར་ཡུག་སྔར་ལས་བཟང་བོ་སྐྲུན་པ་དང་། འགག་སྒོ་བརྒལ་བ་དང་སྐྱེལ་འདྲེན་སོགས་སྟབས་བདེ་རང་བཞིན་གྱི་བྱེད་ཐབས་མཐོར་འདེགས་གཏོང་དགོས། ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱི་སྤུས་ཚད་མཐོ་བའི་ཞིང་ལས་ཐོན་རྫས་ཀྲུང་གོའི་ཚོང་རར་སྐྱོད་པར་དགའ་བསུ་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཐཱ་ཅི་ཁི་སི་ཐན་ཕྱོགས་དང་ས་ཁུལ། རྒྱལ་ཁབ་སོ་སོའི་བར་གྱི་བདེ་འཇགས་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་དམ་ཟབ་ཏུ་བཏང་སྟེ། མཉམ་དུ་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ལཱ་ཧྭི་མིན་གྱིས་བསྟན་དོན། ལིས་ཁི་ཆང་གི་ཐེངས་འདིའི་འཚམས་འདྲི་ཡིས་ཐཱ་ཅི་ཁི་སི་ཐན་དང་ཀྲུང་གོའི་འབྲེལ་བ་དང་མཉམ་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་སྐུལ་འདེད་ཆེན་པོ་བཏང་། ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་ཕྱོགས་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།