ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་ཨུ་ཡོན་སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཀྲའོ་ཁི་ཀྲི་ཡིས་ཧི་ནན་ཞིང་ཆེན་དུ་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་བར་ཞིབ་བཤེར་དང་མཛུབ་སྟོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཀྲའོ་ཁི་ཀྲི་ཡིས་ཚེས་གསུམ་ཉིན་ནས་ཚེས་ལྔ་ཉིན་བར་ཧི་ནན་ཞིང་ཆེན་དུ་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་བར་ཞིབ་བཤེར་དང་མཛུབ་སྟོན་བྱས་པར་མ་ཟད་རྟོག་ཞིབ་བྱས། ཁོས་བཤད་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་ལ། བྱས་རྗེས་འཇོག་པའི་སྙིང་སྟོབས་དར་སྤེལ་བྱེད་པ་དང་བྱ་བའི་ལས་གནས་བརྟན་སྲུང་བྱས་ནས་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་བའི་བྱེད་ཐབས་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པ་དང་། ཧུར་ཐག་སྒོས་དཀའ་སྤྱད་འབད་བརྩོན་བྱེད་པ་དང་སྒེར་སེམས་མེད་པར་བྱས་རྗེས་འཇོག་དགོས་ལ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་འཆམ་མཐུན། མང་ཚོགས་བདེ་སྐྱིད་ལྡན་པ་བཅས་ལ་སྲུང་སྐྱོབ་བཟང་བོ་བྱས་ནས། མི་དམངས་མང་ཚོགས་ཀྱིས་བདེ་འཇགས་འཆམ་མཐུན་གྱི་སྣང་ཚུལ་ཁྲོད་ནས་རྒྱལ་སྟོན་དུས་ཆེན་རོལ་བར་འགན་སྲུང་བྱེད་དགོས་ཟེར།

ཀྲའོ་ཁི་ཀྲི་སྔ་གཞུག་ཏུ་ཧི་ནན་ཞིང་ཆེན་གྱི་ཀྲིན་ཀྲིག་གྲོང་ཁྱེར་དང་ནན་ཡང་གྲོང་ཁྱེར་གྱི་སྤྱི་བདེ་གཞི་རིམ་ལས་ཁུངས་དང་ཁེ་ལས། གཞིས་ཁུལ་སོགས་ལ་སོང་སྟེ་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཐབས་དངོས་འབེབས་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་རྒྱལ་སྟོན་དུས་ཆེན་གྱི་འཐབ་ཕྱོགས་དང་པོ་རུ་ལས་གནས་གཏན་སྲུང་བྱེད་པའི་སྤྱི་བདེ་མི་དམག་ཉེན་རྟོག་པར་འཚམས་འདྲི་བྱས་པར་མ་ཟད་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།