ཀྲུང་གོ་བོད་ཀྱི་དྲ་བ།

​ཝང་དབྱང་གིས་ཁོང་ཀོ་ཅིན་གྱི་མགྲོན་པོར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1123487372_15379698717151n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9བའི་ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཚོམས་ཁང་ནས་ཁོང་ཀོ་ཅིན་གྲོས་ཞུགས་ཁང་གི་གྲོས་དཔོན་གཞོན་པ་དང་པོ། ཁོང་ཀོ་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་མའོ་ཁི་ལོར་མཇལ་འཕྲད་གནང་། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་ཉེར་དྲུག་ཉིན་རྒྱལ་ཡོངས་སྲིད་གྲོས་ཚོམས་ཁང་ནས་ཁོང་ཀོ་ཅིན་གྲོས་ཞུགས་ཁང་གི་གྲོས་དཔོན་གཞོན་པ་དང་པོ། ཁོང་ཀོ་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་མའོ་ཁི་ལོར་མཇལ་འཕྲད་གནང་། 

ཝང་དབྱང་གིས་གསུངས་རྒྱུར། ཉེ་སྔོན་ཚོགས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་མཐོ་རིམ་གྲོས་ཚོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བར་ལེའུ་གསར་བ་ཞིག་བྲིས་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཐོ་རིམ་གྲོས་ཚོགས་སྟེང་ཁྱབ་བསྒྲགས་བྱས་པའི་འགུལ་སྐྱོད་ཆེན་པོ་བརྒྱད་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱས་ཏེ། ཀྲུང་གོ་དང་ཁོང་ཀོའི་འབྲེལ་བར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་ཞིག་བསྣན་ཡོད་ཟེར། 

ཝང་དབྱང་གིས་མའོ་ཁི་ལོ་ཡིས་དུས་ཡུན་རིང་བོར་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་ལས་དོན་འཕེལ་རྒྱས་སུ་འགྲོ་བར་འབུར་དུ་ཐོན་པའི་བྱས་རྗེས་བཞག་པར་བཀའ་དྲིན་ཆེ་ཞུས་པ་དང་། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཁོང་ཀོ་གྲོས་ཞུགས་ཁང་དང་མཉམ་དུ་འབྲེལ་བ་བཟང་བོ་མུ་མཐུད་དུ་ཇེ་དམ་ལ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར། 

མའོ་ཁི་ལོ་ཡིས་བཤད་རྒྱུར། ཀྲུང་གོའི་གྲོགས་པོ་རྙིང་བ་དང་ཁོང་ཀོ་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཡིན་པའི་ཆ་ནས། བདག་གིས་རྒྱལ་ཁབ་གཉིས་བར་གྱི་གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་སྟེང་བཙུགས་པའི་བློས་ཐུབ་ཀྱི་གྲོགས་པོའི་འབྲེལ་བར་བསྟོད་བསྔགས་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཁོང་ཀོ་དང་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོ་དང་ཕྱོགས་མང་པོའི་ཐད་ནས་བརྗེ་རེས་དང་མཉམ་ལས་སྤེལ་བར་ཤུགས་བཏོན་ཏེ། རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་འདོད་ཡོད་ཟེར།  

ཞ་པའོ་ལུང་མཇལ་འཕྲད་ལ་ཞུགས།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།