ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཨེ་ཧྲ་ནི་ཡའི་ཙུང་ཐུང་ཁ་ལིག་ལེ་ཏི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20180921092300cx8U.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ་དགུ་བའི་ཚེས་བཅུ་དགུའི་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཐེན་ཅིན་མགྲོན་བསུ་ཁང་ནས་དབྱར་ཁའི་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པར་ཡོང་བའི་ཨེ་ཧྲ་ནི་ཡའི་ཙུང་ཐུང་ཁ་ལིག་ལེ་ཏི་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དགུ་བའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར་ཐེན་ཅིན་མགྲོན་བསུ་ཁང་ནས་དབྱར་ཁའི་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པར་ཡོང་བའི་ཨེ་ཧྲ་ནི་ཡའི་ཙུང་ཐུང་ཁ་ལིག་ལེ་ཏི་ལ་མཇལ་འཕྲད་གནང་། 

ལིས་ཁི་ཆང་གིས་ཐོག་མར་ཨེ་ཧྲ་ནི་ཡས་རང་བཙན་བྱས་ནས་ལོ་ངོ་བརྒྱ་འགོར་བ་ཁྱབ་བསྒྲགས་བྱས་པར་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུང་གོ་དང་ཨེ་ཧྲ་ནི་ཡའི་འབྲེལ་བ་རྒྱུན་མཐུད་དང་བདེ་ཐང་ངང་གཏན་འཇགས་འཕེལ་རྒྱས་སུ་འགྲོ་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་མཐུན། ཁ་སང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བུད་མེད་ཙུང་ཐུང་ལགས་དང་མཇལ་འཕྲད་གནང་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་བ་བསྣན་པ་རེད། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་བར་གྱི་མཉམ་ལས་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱས་ཏེ། མཉམ་འབྲེལ་མཉམ་གཏོང་ཐད་ཀྱི་མཉམ་ལས་དང་སྣུམ་རླངས་ནུས་ཁུངས། ཤིང་ཆའི་ལས་སྣོན་སོགས་ཁྱབ་ཁོངས་ནས་མཉམ་ལས་སྤེལ་དགོས། ཕྱོགས་གཉིས་ཀྱི་ཁེ་ལས་ཀྱིས་གློག་རྡུལ་ཚོང་དོན་ཐད་ཀྱི་མཉམ་ལས་སྤེལ་བར་སྐུལ་སློང་བྱས་ནས། ཁེ་ལས་ཐོན་སྐྱེད་དང་མི་དམངས་ཀྱི་འཛད་སྤྱོད་ལ་ཕན་པ་ཡོད་པའི་སྟེགས་བུ་མཉམ་སྐྲུན་བྱེད་དགོས་ཟེར། 

ཁ་ལིག་ལེ་ཏི་ཡིས་བསྟན་དོན། ཨ་ཧྲ་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ནུས་ཁུངས་དང་ཤིང་ཆ། ཞིང་ལས། འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་མང་དུ་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ས་གནས་ཀྱི་མཉམ་ལས་མཉམ་གཏོང་ལ་སྐུལ་འདེད་གཏོང་བར་རེ་བ་བྱེད་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།