ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཀྲུང་དབྱང་གི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས་པར་ཕེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་གཙོ་ཡིན་པའི་ཀྲུང་དབྱང་གི་འཐུས་ཚབ་ཚོགས་པ་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་དབྱིན་ཁྲོན་ལ་ཐོན་ནས་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས། ཉིན་ཞའི་རིགས་སོ་སོའི་མང་ཚོགས་ཀྱིས་གནམ་གྲུ་ཐང་ནས་ཀྲུང་དབྱང་འཐུས་ཚབ་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པའི་འགན་འཁུར་བའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་དང་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཚའོ་ཅན་མེན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་པ་ཐིར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་བྱ་བའི་པུའུ་ཡི་ཀྲུའུ་རིན་མེའོ་ཧྭ་བཅས་གནམ་གྲུ་ལས་མར་བབས་པ་དང་། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཁོངས་མི་ཚང་མ་ཡང་དུས་མཉམ་དུ་ཐོན།

ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི། དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲི་ཐེ་ཧྥུན་དང་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཞན་ཧོས་སོགས་ཀྱིས་གནམ་གྲུ་ཐང་དུ་བསུ་མ་བྱས་པ་དང་། རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་ཀྱིས་ཀྱང་ཀྲུང་དབྱང་འཐུས་ཚབ་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

ཀྲུང་དབྱང་འཐུས་ཚབ་ཚོགས་པ་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་པེ་ཅིན་ནས་དབྱིན་ཁྲོན་ལ་སོང་བ་དང་འཐུས་ཚབ་ཚོགས་པར་སྡོམ་པས་མི་རེ་གཉིས་ཡོད་ལ། དེའི་ནང་དུ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་དམག་དཔུང་གི་འབྲེལ་ཡོད་ལས་ཁུངས། དེ་མིན་རང་སྐྱོང་ལྗོངས་བཞི་དང་ཉིན་ཞར་ཁ་གཏད་རོགས་སྐྱོར་བྱེད་པའི་ཧྥུའུ་ཅན་ཞིང་ཆེན་གྱི་འབྲེལ་ཡོད་འགན་འཁུར་བ་སོགས་འདུས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།