ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཀྲུང་གོ་དང་ཨོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་གནས་སྐོར་མཉམ་ལས་མཐོ་རིམ་གྲོས་ཚོགས་ཐེངས་བཞི་བ་ཚོགས་པར་རྟེན་འབྲེལ་ཞུས།

    སྤེལ་དུས། : 2018-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་དགུ་ཉིན། ཀྲུང་གོ་དང་ཨོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་གནས་སྐོར་མཉམ་ལས་མཐོ་རིམ་གྲོས་ཚོགས་ཐེངས་བཞི་བ་ཁེ་ལོའི་ཏེ་ཡའི་ཏུའུ་པུའུ་ལོ་ཧྥུའུ་ཉི་ཁི་ནས་ཚོགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གྲོས་ཚོགས་འགོ་བརྩམས་པའི་མཛད་སྒོར་རྟེན་འབྲེལ་ཞུ་ཚིག་ཕུལ།

ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་ཚིག་ནང་བསྟན་དོན། གནས་སྐོར་ལས་རིགས་ནི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཁྲོད་དུ་འཕར་ཚད་ཆེས་མགྱོགས་པའི་ལས་རིགས་ནང་གི་གཅིག་ཡིན། ཀྲུང་གོ་དང་ཨོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་གནས་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། གནས་སྐོར་མཉམ་ལས་བྱས་པའི་རྨང་གཞི་ཧ་ཅང་བཟང་ཞིང་སྦས་ཤུགས་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་གནས་སྐོར་མཉམ་ལས་མཐོ་རིམ་གྲོས་ཚོགས་བསྡུས་པ་གོ་སྐབས་སུ་བཟུང་སྟེ་ཧུར་ཐག་སྒོས་གནས་སྐོར་མཉམ་ལས་རྒྱ་བསྐྱེད་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མི་གཞུང་བརྗེ་རེས་ལ་སྐུལ་འདེད་བཏང་ནས། ཕྱོགས་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་སོ་སོ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་འདོན་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་དུ་མཉམ་ལས་བྱས་ནས་ལོ་དྲུག་གི་རིང་ལ། ཕྱོགས་སོ་སོའི་མཉམ་ལས་རྒྱ་ཇེ་ཆེར་སོང་ཞིང་རྐྱེན་སྲོལ་ཉིན་རེར་འཐུས་ཚང་དུ་འགྲོ་བཞིན་ཡོད་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་དང་མཉམ་དུ་མུ་མཐུད་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།