ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་བཞི་བའི་སྟེང་ཕུལ་བའི་ཤིས་ཚིག་ལ་གདེང་འཇོག་ཆེན་པོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་བཞི་བའི་ཚང་འཛོམས་གྲོས་ཚོགས་སྟེང་ཤིས་ཚིག་ཕུལ་ཏེ། ཀྲུང་གོ་ཕྱོགས་ཀྱིས་ས་གནས་ཀྱི་རྒྱལ་ཁབ་དང་མཉམ་དུ་ས་གནས་ཀྱི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་རྒྱལ་ཁབ་སོ་སོའི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས་ཞེས་ནན་གྱིས་བསྟན་པ་དེར་རྒྱལ་ཁབ་སོ་སོའི་འགོ་གཙོ་དང་ཤེས་ཡོན་ཅན། སྨྱན་བྱད་མི་སྣ་བཅས་ཀྱི་གཟེངས་བསྟོད་ཐོབ།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་ཚིག་ནང་དུ་ཀྲུང་གོ་དང་ཨུ་རུ་སི་ནི་ཁྱོན་ཡོངས་ནས་འཐབ་ཇུས་རོགས་ལས་གྲོགས་པོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་སུ་གནས་ཡོད་པ་དང་མཉམ་ལས་ཆབ་སྲིད་རྨང་གཞི་བརྟན་པོ་ཡིན་ཞེས་བསྟན། ཨུ་རུ་སིའི་གྲོས་ཁང་གོང་མ་དང་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཐི་ཝེ་ཡན་ཁོ་ཡིས་བཤད་རྒྱུར། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་དེ་ཕྱོགས་གཉིས་ཀྱི་འཕེལ་རྒྱས་ལ་ཕན་པ་ཡོད་པར་མ་ཟད་ས་གནས་དང་ཐ་ན་འཛམ་གླིང་གི་དར་རྒྱས་དང་བརྟན་འཇགས་ལ་དོན་སྙིང་གལ་ཆེན་ལྡན་ཟེར།

ཞེ་ཨར་ཀེ་པུའུ་ལིས་མའོ་ཧྥུ་ནི་སྐབས་འདིའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་འགོ་འཛིན་པ་ཡིན། ཁོས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་ཚིག་ནང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་སྐོར་གྱི་གྲོས་འགོ་བཏོན་པར་རྒྱས་བཤད་བྱས་པ་དེས་ཁོ་ལ་བག་ཆགས་ཟབ་མོ་བཞག་པ་དང་། ཀྲུང་གོའི་ཇུས་གཞི་དང་ཀྲུང་གོའི་རིག་སྟོབས་དེ་ཨེ་ཤ་ཡ་ཤར་བྱང་དཔལ་འབྱོར་མཉམ་ལས་དང་འཛམ་གླིང་གི་དཔལ་འབྱོར་འཛམ་གླིང་ཅན་ལ་དོན་སྙིང་ཆེན་པོ་ལྡན་ཟེར།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་ཚིག་ནང་དུ་མཉམ་ལས་ཟབ་སྤེལ་བྱས་ཏེ་རྒྱལ་ཁབ་སོ་སོའི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས་ཞེས་བསྟན། རྒྱལ་ཁབ་མང་པོའི་ཤེས་ཡོན་ཅན་རྣམས་ཀྱིས་ཀྲུང་གོས་ཧུར་ཐག་སྒོས་མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་བ་དང་། ལག་ལེན་ཁྲོད་དུ་འཕེལ་རྒྱས་ཀྱི་ཉམས་མྱོང་དང་གྲུབ་འབྲས་ལོངས་སྤྱོད་བྱེད་དུ་འཇུག་པར་ཀུན་གྱིས་ཡིད་སྨོན་བྱེད་བཞིན་ཡོད་ཅེས་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།