ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཐུར་ཐུའུ་ལི་ག་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20180913093934xm2M.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་གཉིས་ཉིན་ཧྥུའུ་ལ་ཏི་ཝོ་སི་ཐོ་ཁི་ནས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཐུར་ཐུའུ་ལི་ག་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་གཉིས་ཉིན་ཧྥུའུ་ལ་ཏི་ཝོ་སི་ཐོ་ཁི་ནས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཐུར་ཐུའུ་ལི་ག་ལ་མཇལ་འཕྲད་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། ཁྱིམ་མཚེས་མཛའ་མཐུན་གྱི་འདུ་ཤེས་གཞིར་བཟུང་ནས་མོང་གོལ་ཕྱོགས་དང་བརྗེ་རེས་མཉམ་ལས་བྱེད་པར་ཤུགས་བསྣན་ནས། ཀྲུང་གོ་དང་མོང་གོལ་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ལེགས་ཇེ་མགྱོགས་ངང་འཕེལ་རྒྱས་སུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་ཆབ་སྲིད་ཀྱི་སྣེ་སྟོན་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་མཐོ་ཚད་དང་ཡུན་རིང་གི་ངོས་ཐད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་དག་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཀྲུང་གོའི་འཕེལ་རྒྱས་ཁྲོད་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་པ་དང་། ཀྲུང་གོའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བྱས་ཏེ། རང་སྟེང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་རྒྱལ་ཁབ་ཀྱིས་ཕྱུགས་ལས་དང་ལས་སྣོན་ལས་རིགས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། སྤུས་ལེགས་ཀྱི་ཞིང་ཕྱུགས་ཐོན་རྫས་མང་པོ་ནང་འདྲེན་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་མི་གཞུང་བརྗེ་རེས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་བར་གྱི་དམངས་བློའི་རྨང་གཞི་དང་སྤྱི་ཚོགས་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཟེར།  

པ་ཐུར་ཐུའུ་ལི་ག་ཡིས་བསྟན་དོན། ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བ་དང་གཉིས་ཕན་མཉམ་ལས་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་རྒྱུ་ནི་མོང་གོལ་ཕྱོགས་ཀྱི་འགྱུར་བ་མེད་པའི་བྱེད་ཕྱོགས་གལ་ཆེན་ཡིན། མོང་གོལ་ཕྱོགས་ཀྱིས་ཕན་ཚུན་བརྩི་བཀུར་དང་བདག་དབང་དང་མངའ་ཁོངས་ཆ་ཚང་། ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། འདྲ་མཉམ་གཉིས་ཕན་གྱི་རྩ་དོན་དང་རྨང་གཞིའི་སྟེང་ནས་ཀྲུང་གོའི་བར་གྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཐེ་ཝན་དང་བོད་ལྗོངས། ཞིན་ཅང་བཅས་ནི་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན་པ་ཁས་ལེན་བྱེད་བཞིན་ཡོད་ཟེར། 

ཏེན་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥེང་བཅས་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།